| | e-texts navigator
|
55b1 ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ར་དྭ་ཏིའི་བུ། འདི་ཇི་སྙམ་དུ་སེམས། སེངྒེའི་ཕྲུག་གུས་སེངྒེའི་སྒྲ་ཐས་ན། སྐྲག་པའམ། དངང་བའམ། ཀུན
55b2 ཏུ་དངང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་ར་དྭ་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས
55b3 དང་པོ་པའང་དེ་བཞིན་གཤེགས་པའི་སེངྒེའི་སྒྲ་ཐོས་ན། མི་སྐྲག་།མི་དངང་། དངང་བར་མི་འགྱུར་རོ། །སེམས་ཅན་གྱི་སྤྱོད་པ་ཚད་མེད་པ་ཐོས་ཀྱང་འཇིགས་པར་མི་འགྱུར་རོ། །ཤཱ
55b4 ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། མེའི་སྣང་བ་ཆུང་ངུའང་ཤིང་དང་། རྩཝ་ཐམས་ཅད་ཀྱིས་མི་སྐྲག་སྟེ། དེ་འདི་སྙམ་དུ་ཚིག་པར་བྱེད་མི་ནུས་སམ་སྙམ་དུ་མི་སེམས་སོ། །ཤཱ་ར་དྭ་ཏིའི
55b5 བུ|་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ཤེས་རབ་ཀྱི་སྣང་བ་ཆུང་དུའང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཀྱིས་མི་སྐྲག་སྟེ། དེ་འདི་སྙམ་དུ་བདག་གིས
55b6 ཉོན་མོངས་པ་ཞི་བར་བྱེད་མི་ནུས་སོ་སྙམ་དུ་མི་སེམས་ཀྱི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དེ་ཉིད་ལ་ཚུལ་བཞིན་དུ་ངེས་པར་བརྟགས་ན་ཤེས་རབ་ཀྱི་རྒྱུར་འགྱུར་རོ། །ཤཱ
55b7 ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་མེ་དང་། རྩཝ་དང་། ཤིང་དང་། ལོ་མ་དང་། ཡལ་ག་ཐམས་ཅད་འཐབ་ཅིང་རྩོད་པ་ཆེན་པོ་བྱ་བར་བརྩམས་ཏེ།
iiif viewer powered by OpenSeadragon
55a - 56a