| | e-texts navigator
|
35b1 དུ་དམན་པ་གཟུགས་མ་ཚང་བ་རྣམས་ལའང་འདུད་དོ། །རབ་ཏུ་འདུད་དོ། །དེ་རང་གི་ལུས་ཀྱི་ཆོས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཆོས་མཉམ་པ་ཉིད་དུ་ཤེས་པ་ལ་འཇུག་གོ།
35b2 དེ་ལུས་ལ་ལུས་ཀྱི་ཆོས་ཉིད་ཤེས་ནས་ཆོས་ཀྱི་ལུས་ཡིན་གྱི། ཟང་ཟིང་གི་ལུས་མ་ཡིན་ནོ། །དེ་ལ་ལུས་ཀྱི་ཆོས་ཉིད་གང་ཞེ་ན། གང་བསམ་གཏན་གྱི་ཟས་ཟ་བ་ཡིན་གྱི། ཟང་ཟིང་གི་ཟས
35b3 ཟ་བ་མ་ཡིན་ཏེ། འཇིག་རྟེན་དང་མཐུན་པར་བྱ་བ་དང་། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟའོ། ལུས་ཉམ་ཆུང་བའི་ཕྱིར་ནི། མ་ཡིན་ནོ། །དེ་ཆོས་ཀྱི་ལུས་སུ་གྱུར་ནས་ཆོས་ཀྱིས
35b4 སྲོག་འཚོའི། ཟང་ཟིང་གིས་སྲོག་འཆོ་བ་ནི། མ་ཡིན་ནོ། །དེ་ལ་ཆོས་ཀྱིས་སྲོག་འཚོ་བ་གང་ཞེ་ན། གང་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་པ་དང་། འཕགས་པའི་ཚུལ་ལས
35b5 མི་འདའ་བའོ། །དེ་ལ་འཕགས་པ་རྣམས་ཀྱི་ཚུལ་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བ
35b6 དང་། ཇི་ལྟར་བསླབ་པ་བཅས་པ་བཞིན་དུ་ཀུན་ཏུ་སྲུང་བ་དང་། སྤེད་པ་དང་། རབ་ཏུ་གནས་པ་འདི་ནི། འཕགས་པ་རྣམས་ཀྱི་ཚུལ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས
35b7 སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དང་ལྡན་པས་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་སྟོབས་ཐམས་ཅད་དང་ལྡན་པ་ཡིན་ཏེ། དེ་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད
iiif viewer powered by OpenSeadragon
35a - 36a