| | e-texts navigator
|
26a1 པ་ཨར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱིས་ཡང་དག་པའི་བསམ་པར་ཞུགས་པ་ཐམས་ཅད་མཁྱེན་པའི་སེམས་དེ་ལས་མོས་པ་བཟློག་ཀྱང་མི་བརྗེད
26a2 པ་དང་། སངས་རྒྱས་ཀྱི་གཟུགས་སུ་འདུག་ཀྱང་མི་མཉམ་པ་དང་མཉམ་པའི་སེམས་དེ་ལས་ཉམས་པར་བྱེད་མི་ནུས་ཏེ། བདུད་རྫུ་འཕྲུལ་ཆེན་པོ་དག་གིས་ཁྱོད་ཀྱིས་ཐེག་པ
26a3 ཆེན་པོ་ཡང་དག་པར་སྒྲུབ་པར་མི་ནུས་ཀྱི། ཁྱོད་ཀྱིས་གཅེས་པར་བྱ་བ་འདི་ཐོང་ཞིག་།ཁྱོད་ཀྱིས་བརྩོན་འགྲུས་འདི་འོར་ཅིག་།བྱང་ཆུབ་ནི། རྙེད་པར་དཀའ་བ། སངས་རྒྱས
26a4 ཀྱི་ཆོས་རྣམས་ནི། རྙེད་པར་དཀའ་བ་སྟེ། འདིར་འཁོར་བའི་སྡུག་བསྔལ་མང་དུ་མྱོང་བར་འགྱུར་རོ། །གང་དག་མྱ་ངན་ལས་འདས་པ་དེ་དག་ནི། བདེ་བ་ཡིན་གྱི། སྐྱེས་བུ་དམ
26a5 པ|་ཁྱོད་མྱུར་དུ་མྱ་ངན་ལས་འདས་པར་གྱིས་ཤིག་ཅེས་དེ་ལ་སེམས་སྐུལ་ཞིང་སེམས་དྲན་པར་བྱེད་ལ། བློ་གྲོས་རྒྱ་མཚོ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ
26a6 ཆེན་པོ་ལ་དེ་ལྟར་བྲལ་བར་བྱེད། དེ་ལྟར་མོས་པ་ཟློག་པར་བྱེད་ཀྱང་སྔོན་གྱི་གོ་ཆ་མི་འདོར་ཞིང་བསམ་པ་རྣམ་པར་འཁྲུག་པར་མི་བྱེད་ཀྱི། དེ་འདི་སྙམ་དུ་སེམས་ཏེ། བདག
26a7 གིས་ངེས་པར་བྱང་ཆུབ་ཀྱི་སྙིང་པོ་མནན་པར་བྱ། བདག་གིས་ངེས་པར་བདུད་དཔུང་དང་བཅས་པར་ཕམ་པར་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན
iiif viewer powered by OpenSeadragon
25b - 26b