e-texts navigator
Collection
Volume
Page
Wylie

25a1 སྨིན་པ་ལ་བརྟེན་པར་བྱའོ་སྙམ་པ་འདི་ནི། དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི། ཞེ་སྡང
25a2 གི་ཤས་ཆེ་ཞིང་གནོད་སེམས་མང་བ་སྟེ། དེ་ནི། བདག་ལ་གཤེ་ཞིང་སྡིགས་པའོ། །བདག་ནི། བཟོད་པའི་སྟོབས་མང་དུ་བྱས་ཏེ་བྱམས་པ་ལ་གནས་པར་བྱའོ་སྙམ་པ་འདི
25a3 ནི|་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི། ལེ་ལོ་ཅན་དགེ་བའི་ཆོས་དང་བྲལ་བ་སྟེ། དེ་ནི། བདག་ལ་གཤེ་ཞིང
25a4 སྡིགས་པའོ། །བདག་ནི། བརྩོན་འགྲུས་བརྩམ་པར་བྱ། དགེ་བའི་རྩ་བ་ཡོངས་སུ་བཙལ་བ་ལ་མི་ངོམས་པར་བྱ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྔར་ཇེ་འདུག་པར
25a5 བྱས་ལ་ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་དེ་ལྟར་གོ་ཆ་གྱོན་པ་དེ་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ
25a6 ཏུ་ཕྱིན་པའོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི། བརྗེད་ངས་པ། ཤེས་བཞིན་མེད་པ། ཉོན་མོངས་པ་ངེས་པར་བསམ་པ་སྟེ། དེ་ནི། བདག་ལ་གཤེ
25a7 ཞིང་སྡིགས་པའོ། །བདག་ནི། ཉོན་མོངས་པ་ངེས་པར་བསམ་པར་བྱ། དྲན་པ་དང་ཤེས་བཞིན་ཅན་དུ་བྱ། རྩེ་གཅིག་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་བྱ་སྟེ། སེམས་ཅན




iiif viewer powered by OpenSeadragon

24b - 25b

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo