e-texts navigator
Collection
Volume
Page
Wylie

24b1 བྱང་ཆུབ་སེམས་དཔའ་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་གཤེ་བ་དང་། སྡིགས་པ་དག་ཕ་རོལ་ལས་ཐོས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་ཡོངས་སུ་རྫོགས་པར
24b2 འགྱུར་ཞེ་ན། བློ་གྲོས་རྒྱ་མཚོ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་དུ་བརྗོད་པ་དང་། ངན་དུ་སྨྲས་པའི་ཚིག་གི་ལམ་དང་། གཤེ་བ་དང་། སྡིགས་པ་དག་ཕ
24b3 རོལ་ལས་ཐོས་ན། དྲན་པ་འདི་ལྟ་བུ་རབ་ཏུ་འཐོབ་སྟེ། སེམས་ཅན་འདི་ནི། སྔོན་ནས་སེར་སྣ་ཅན་དུ་གྱུར་པ་འཇུངས་པ་སྟེ། སེར་སྣའི་དྲི་མས་ཀུན་ནས་ཀུན་ཏུ་བསྐོར་བ་དེས་གང
24b4 དག་དེའི་གནོད་སེམས་ཀྱི་དྲི་མ་སྤང་བའི་ཕྱིར་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་ལ་མ་བརྟེན། གུས་པར་མ་བྱས། བསྙེན་བཀུར་མ་བྱས་པའོ། །བདག་ནི། གཏོང་བ་ལ
24b5 མོས་ཤིང་སེར་སྣ་མེད་པར་བྱ། དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ། བསྙེན་པར་བྱ། བསྙེན་བཀུར་བྱའོ་སྙམ་སྟེ། དེ་དག་སྲུང་ཞིང་གནོད་སེམས་ཀྱང་སྤོང་བ་འདི་ནི། དེའི་སྦྱིན
24b6 པའི་ཕ་རོལ་ཏུ་ཕྱིན་པའོ། །གཞན་ཡང་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི། ཚུལ་ཁྲིམས་འཆལ་པ་ལས་མ་མཐོང་བ་སྟེ། དེ་ནི། བདག་ལ་གཤེ་ཞིང་སྡིགས་པའོ། །བདག་ནི།
24b7 ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱའོ། །གནོད་སེམས་མེད་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྲུང་བར་བྱའོ། །ལས་ཀྱི་རྣམ་པར




iiif viewer powered by OpenSeadragon

24a - 25a

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo