e-texts navigator
Collection
Volume
Page
Wylie

175a1 སྦྱར་བ་དང་། སེམས་རྩེ་གཅིག་པ་དང་། མི་གཡེང་བར་ཡིད་ལ་བྱེད་པ་དང་། རུས་ཤིང་ལྟར་བྱེད་པ་དང་། ཡིད་ལ་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱིས
175a2 སེམས་པ་དང་། རྣ་བ་བླགས་ཏེ་ཉན་པ་དང་། ཆོས་སྨྲ་བ་དེའང་སྔོན་ལུང་མ་མ་ནོས་པ་དང་། སྔོ་མ་ཐོས་པའི་ཆོས་ནམས་ཀྱང་མངོན་དུ་འགྱུར་བ་སྟེ། འཁོར་དེར་མི་མཇེད་ཀྱི་བདག
175a3 པོ་ཚངས་པ་འོངས་པར་རིག་པར་བྱའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ
175a4 ལྡན་འདས། བདག་ཚངས་པའི་འཇིག་རྟེན་དུ་གནས་ཏེ་བསམ་གཏན་དང་། ཚད་མེད་པའི་བདེ་བ་ལ་གནས་པ་བོར་ལ་གང་ན་ཆོས་ཀྱི་ནམ་གྲགས་འདི་སྟོན་པའི་འཁོར་དེར་མཆི་བར
175a5 བགྱིའོ|་|ཆོས་སྨྲ་བ་དེ་ལའང་ཆོས་བརྒྱད་བསྒྲུབ་པར་བགྱིའོ། །བརྒྱད་གང་ཞེ་ན། ཇི་ལྟར་ཐོས་པའི་ཆོས་མི་བསྐྱུད་པར་བགྱི་བའི་སླད་དུ་དེ་ལ་དྲན་པ་བསྒྲུབ་པར་བགྱི། །ཆོས་ཟབ་མོ
175a6 རྟོགས་པར་བགྱི་བའི་སླད་དུ་དེ་ལ་བློ་གྲོས་བསྒྲུབ་པར་བགྱི། དོན་གྱི་རྣམ་པ་རྟོགས་པར་བགྱི་བའི་སླད་དུ་དེ་ལ་རྟོགས་པ་བསྒྲུབས་པར་བགྱི། ཐེ་ཚོམ་ཐམས་ཅད་གཅད་པའི་སླད་དུ
175a7 དེ་ལ་སྤོབས་པ་བསྒྲུབ་པར་བགྱི། སྐད་དང་ངེས་པའི་ཚིག་ཐམས་ཅད་ཀྱིས་ཡོངས་སུ་ཚིམ་པར་བགྱི་བའི་སླད་དུ་དེ་ལ་ལུང་བསྟན་པ་ཕུན་སུམ་ཚོགས་པ་བསྒྲུབ་པར་བགྱི། འཁོར




iiif viewer powered by OpenSeadragon

174b - 175b

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo