| | e-texts navigator
|
172a1 པར་བྱ་སྟེ། ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་འགུགས་པར་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་འགུགས་པར་འགྱུར་བའི་ཚིག་དེ་དག་གང་ཞེ་ན། འདི
172a2 ལྟ་སྟེ|་ཛ་ཡེ། ཛ་ཡ་མ་ཏི། ཨཊྚེ་མཊྚེ་མཾ་ཀུ་རེ། སིདྡྷ་མ་ཏི། ཤུ་བྷེ་ཤཱནྟི་ཀཱ་རེ། ན་ད་ནེ། དཱནྟེ། དཱནྟེ་མ་ཏི། ཏངྐ་རེ། ཀྵ་ཡེ། ཀྵ་ཡ་མུ་ཁེ། ཨ་བཊྚ་ནི། བི་བཊྚ་ནི། པ་རི་བཊྚ་ནི། པ
172a3 རི་ཙྪེ་དེ། སྨྲྀ་ཏི་སྨྲྀ་ཏི་སནྡྷི། ཨཱ་གཙྪ་ཀཽ་ཤི་ཀ་། ནིརྫི་ཏཱ། ཨ་སུ་ར། ཛ་ཡནྟི་དེ་བ། ས་མ་ཡསྟེ། ཨ་ར་བདྷོ། དྷརྨ་ནི་རྫ་ཏོ། །ར་མ་ཧི། སྭསྟི་ཡ་ནཱ་མ་བྷུ་ཏཱ་ནཱཾ། ཨ་རཀྵ་དྷརྨ་ཙཱ་རི་ཎཱཾ།
172a4 བློ་གྲོས་རྒྱ་མཚོ། འདི་དག་ནི། ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་སྟེ། དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་འགུགས་པར་འགྱུར་རོ། །དེར་ཆོས་སྨྲ་བ་དེས་སྔགས་ཀྱི་ཚིག་འདི
172a5 དག་ལེགས་པར་ཁ་ཏོན་དུ་བྱས་ལ་གཙང་བ་དང་། གཙང་སྦྲའི་ཆོ་གས་ཁྲུས་ལེགས་པར་བྱས་ཏེ་གོས་བཟང་པོ་བགོས་ལ། ཤར་ཕྱོགས་སུ་མེ་ཏོག་གཏོར་ཏེ་སངས་རྒྱས་ཐམས
172a6 ཅད་བསམ་པའི་དྲན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་རབ་ཏུ་ལྡན་པས་སེངྒེའི་ཁྲི་ལ་འདུག་སྟེ་ལྷའི་དབང་པོ་བརྒྱ་བྱིན་བསམ་ལ། ཀཽ་ཤི་ཀ་།འཁོར་ལེགས་པར
172a7 ཡོངས་སུ་གཞག་པའི་ཕྱིར་ཚུར་ཤོག་། སྔགས་གྲུབ་པ་མངོན་སུམ་དུ་གྱིས་ཤིག་ཅེས་བརྗོད་ན། དེའི་བསམ་པ་ཤིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་དག་ལ་ཚུལ་ཁྲིམས་ཡོངས་སུ་དག
iiif viewer powered by OpenSeadragon
171b - 172b