e-texts navigator
Collection
Volume
Page
Wylie

151a1 སྒྲུབ་པ་འདིའང་ཇི་སྐད་སྨྲས་པ་དེ་བཞིན་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་སྒྲུབ་པ་ཤེས་སམ། གསོལ་པ།
151a2 བཅོམ་ལྡན་འདས། འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་སྒྲུབ་པ་ལས་རྩོམས་ལ་སྤོབས་པར་གྱིས་ཤིག་།གསོལ་པ། བཅོམ་ལྡན་འདས།
151a3 སྒྲུབ་པ་ཞེས་བགྱི་བ་ནི། གང་། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་དུ་འཚལ་ནས་ཡང་དག་པ་ཉིད་ཀྱི་ངེས་པར་གྱུར་པ་ལ་འཇུག་པ་ཤེས་པ་ལ་མཁས་ཀྱང་མངོན
151a4 སུམ་དུའང་མི་བགྱིད་པ་འདི་ནི། བྱང་ཆུབ་སེམས་དཔའི་སྒྲུབ་པ་ཡང་དག་པའོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རི་དབང་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ
151a5 ལྡན་འདས། བདག་ཀྱང་སྒྲུབ་པ་ལས་བརྩམས་ཏེ་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་སྤོབས་པར་གྱིས་ཤིག་།གསོལ་པ།
151a6 བཅོམ་ལྡན་འདས། སྒྲུབ་པ་ནི། སྒྲུབ་པ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཐམས་ཅད་མ་དམིགས་ཏེ། གང
151a7 བསྒྲུབ་པ་དང་། གང་ལ་སྒྲུབ་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི། དེའི་སྒྲུབ་པ་ཡང་དག་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་རྒྱལ་པོ་སྣང་བས




iiif viewer powered by OpenSeadragon

150b - 151b

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo