| | e-texts navigator
|
148b1 རལ་པ་ཅན་ཡན་ལག་མ་སྨད་པ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ལ་བྱམས་པའི་རྗེས་སུ་ཞུགས་པ། རྩ་བ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལ་མོས་པ་ཞིག་རིའི་ཕུག་བགྲོད
148b2 དཀའ་བ་ཞིག་ན་གནས་སོ། །རི་ཕུག་བགྲོད་དཀའ་བ་དེ་ན་སྤྲེའུ་ཕོ་མོ་གཉིས་ཤིག་ཀྱང་གནས་སོ། །དེ་ནས་དུས་གཞན་ཞིག་ན་སྤྲེའུ་མོ་དེ་ལ་བུ་འབྲངས་ནས་དེ་ལས་ཕྲུ་གུ་གཉིས་བྱུང་ངོ་། །
148b3 དེ་ནས་སྤྲེའུ་དེ་དང་། སྤྲེའུ་མོ་དེས་ཕྲུ་གུ་དེ་གཉིས་རི་དྭགས་ཀྱི་རྒྱལ་པོ་སེངྒེ་ལ་གཏམས་ཏེ་སྤྱོད་ཡུལ་དུ་དོང་ངོ་། །དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བ་ཞེས་བྱ་བ་སྟེང་གི་བར་སྣང་ལས་བབས
148b4 ཏེ་སྤྲེའུའི་ཕྲུ་གུ་དེ་གཉིས་བླངས་ནས་སྟེང་གི་བར་སྣང་ལ་གནས་པར་གྱུར་པ་དང་། རི་དྭགས་ཀྱི་རྒྱལ་པོ་སེངྒེས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བས་སྤྲེའུའི་ཕྲུ་གེ་དེ་གཉིས་ཁྱེར་བ་མཐོང་ངོ་། །མཐོང
148b5 ནས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། བྱ་རྒོད་རྒྱལ་པོ་ཁྱོད་ལ་བདག་གསོལ་བ། །བདག་གི་སྤྲེའུ་ཕྲུག་དེ་གཉིས་ཁྱེད་ཀྱིས་ཐོང་། །བདག་ནི་དེ་དག་འཇིགས་མེད་བྱ་ཕྱིར་གནས། །སྐྱབས
148b6 སུ་དོང་བ་མ་བསད་ཁྱེད་ཀྱིས་ཐོང་། །དེ་ནས་བྱ་རྒོད་ཀྱི་རྒྱལ་པོས་རི་དྭགས་ཀྱི་རྒྱལ་པོ་སེངྒེ་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། རི་དྭགས་རྒྱལ་པོ་གལ་ཏེ་ཁྱོད་ནི་བདག་འདོར་ན། །དེ་ལྟར་ན་ནི
148b7 འདི་གཉིས་མི་གསད་གཏང་བར་བྱ། །ཁོ་བོས་འདི་གཉིས་ཐོས་ནས་ཁོ་བོ་མཁའ་ལ་གནས། །ཁྱོད་ནི་ཁྲོས་པར་གྱུར་ཀྱང་བདག་ལ་ཅི་བྱར་ཡོད། །རི་དྭགས་ཀྱི་རྒྱལ་པོས་ཡང་སྨྲས་པ། བདག
iiif viewer powered by OpenSeadragon
148a - 149a