| | e-texts navigator
|
142b1 ཐོས་པའི་ཆོས་བསྟན་པས་ཀྱང་ཡོངས་སུ་མི་སྐྱོ་བ་རྣམས་ཡིན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལའང་ལྟ་ལ་ཚེ་དང་། འཆི་འཕོ་དང་། སྐྱེ་བ་ལའང་མི་སྨོད་པ་རྣམས་ཡིན་ཏེ།
142b2 རྒྱལ་པོ་ཆེན་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། རྒྱང་རིང་དུའང་ལྟ་ཞིང་རྩ་བའང་མ་ཆད་པ་རྣམས་ཡིན་ནོ། །རྒྱལ་པོ་ཆེན་པོ། བྱང་ཆུབ
142b3 སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཡུལ་ཡང་འབྱོར་ལ་བག་ཡོད་པའང་མི་འདོར་བ་རྣམས་ཡིན་ནོ། །བཞི་གང་ཞེ་ན། མི་ཡོངས་སུ་སྨིན་པར་བྱ་བའི་ཕྱིར
142b4 འཁོར་ལོས་བསྒྱུར་བའི་རྒྱལ་པོར་ཡང་གྱུར་ལ་འདུ་བྱེད་ལ་མི་རྟག་པར་སོ་སོར་རྟོག་པས་ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར
142b5 ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུའང་གྱུར་ལ་འདུ་བྱེད་སྡུག་བསྔལ་བར་སོ་སོར་རྟོག་པས་ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། བདུད་ཀྱི་རིས་ཀྱི་ལྷ་ཡོངས་སུ་སྨིན
142b6 པར་བྱ་བའི་ཕྱིར་བདུད་ཉིད་དུའང་ཉེ་བར་སྟོན་ལ་ཆོས་ལ་བདག་མེད་པར་སོ་སོར་རྟོག་པས་ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན། ཚངས་རིས་ཀྱི་ལྷ་ཡོངས་སུ་སྨིན
142b7 པར་བྱ་བའི་ཕྱིར་ཚངས་པ་དབང་བསྒྱུར་དུའང་གྱུར་ལ་མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པས་ཡུལ་འབྱོར་ཀྱང་བག་མེད་པར་མི་འགྱུར་བ་རྣམས་ཡིན་ཏེ། རྒྱལ་པོ་ཆེན་པོ། བྱང་ཆུབ
iiif viewer powered by OpenSeadragon
142a - 143a