e-texts navigator
Collection
Volume
Page
Wylie

132b1 པར་སྒྲུབ་པ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་གང་ལའང་ཡོངས་སུ་སྐྱོ་བ་མི་བསྐྱེད་དོ། །དེ་དེ་ལྟར་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། འདིར་གང་ལའང
132b2 ཕན་པའམ་གནོད་པ་མི་བྱེད་དོ། །དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནི། སྙིང་རྗེ་ཆེན་པོའི་གོ་ཆ་དེའང་མི་འདོར་རོ། །བློ་གྲོས་རྒྱ་མཚོ། འདི་ལྟ་སྟེ།
132b3 དཔེར་ན། ནོར་བུ་རིན་པོ་ཆེ་བཻ་ཌཱུཪྱ་རིན་ཐང་མེད་པ། ཤིན་ཏུ་བྱང་བ། ཤིན་ཏུ་རྣམ་པར་དག་པ། ཤིན་ཏུ་དྲི་མ་མེད་པ་རྫབ་ཀྱི་ནང་དུ་བཅུག་ནས་ལོ་སྟོང་ལོན་ལ་དེ་ལོ་སྟོང་འདས་ནས་རྫབ
132b4 དེ་ནས་ཕྱུང་སྟེ་བཀྲུས་ཤིང་ཡོངས་སུ་སྦྱངས་ཏེ་བྱི་དོར་བྱས་ན། ཤིན་ཏུ་དག་ཅིང་ཤིན་ཏུ་ཡོངས་སུ་དག་ལ་ཤིན་ཏུ་བྱང་ནས་དེ་ཉིད་ངག་པ་དྲི་མ་མེད་པའི་ནོར་བུ་རིན་པོ་ཆེའི་རང་བཞིན་མི
132b5 འདོར་རོ། །བློ་གྲོས་རྒྱ་མཚོ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་རབ་ཏུ་ཤེས་ལ་དེའང་གློ་བུར་གྱི་ཉེ་བའི་ཉོན
132b6 མོངས་པས་ཉོན་མོངས་པ་ཅན་དུ་བྱས་པར་མཐོང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། ཉོན་མོངས་པ་འདི་དག་ནི། སེམས་ཅན་རྣམས་ཀྱི་སེམས་རང་བཞིན
132b7 གྱིས་འོད་གསལ་བ་ལ་ཞུགས་པ་མེད་ཀྱི། ཉོན་མོངས་པ་དེ་དག་ནི། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ལས་བྱུང་དུ་ཟད་པས་བདག་གིས་སེམས་ཅན་དེ་དག་གི་གློ་བུར་གྱི་ཉོན




iiif viewer powered by OpenSeadragon

132a - 133a

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo