| | e-texts navigator
|
128a1 གྲོས་རྒྱ་མཚོ། ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ལས་ལངས་ཀྱང་རུང་སྟེ། དགེ་བའི་རྩ་བ་རྣམས་སྔོན་ཤིན
128a2 ཏུ་འཕངས་པ་དང་། སེམས་ལས་སུ་རུང་བ་དང་། དྲན་པ་མི་གཡེང་བ་དང་། ཐེག་པ་དམན་པ་དང་བྲལ་བ་དང་། ཐེག་པ་ཆེན་པོར་སྨོན་ལམ་བཏབ་པའི་ཕྱིར་དགེ་བའི་རྩ་བ་རྣམས་བརྒྱ
128a3 ལམ་ནའང་ཐམས་ཅད་མཁྱེན་པར་ཡོངས་སུ་མི་བསྔོ་མི་སྲིད་པར་འདི་ལྟར་རིག་པར་བྱའོ། །བློ་གྲོས་རྒྱ་མཚོ། འདི་ལྟ་སྟེ། དཔེར་ན། རེ་སུལ་ཆེན་པོ་ཞིག་ན་ཤིང་ཞིག་སྐྱེས་པར་གྱུར
128a4 ལ་དེ་མི་ཞིག་གིས་རྩ་བ་ནས་གཅད་པར་བརྩམས་ནས་དེ་ཆོད་མ་ཐག་ཏུ་གང་དུ་ཡོ་བ་དང་། གང་དུ་ཕྱོགས་པ་དེར་འགྱེལ་ལོ། །བློ་གྲོས་རྒྱ་མཚོ། དེ་བཞིན་དུ་བྱང་ཆུབ་སེམས
128a5 དཔའ་ཡང་ཡུན་རིང་པོ་ནས་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ། ཐམས་ཅད་མཁྱེན་པ་ཉིད་ལ་འབབ་པས་དགེ་བའི་རྩ་བ་ཐམས་ཅད་གསོག་སྟེ་བསགས་ནས་ཀྱང་ཐམས་ཅད
128a6 མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱེད། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཡོངས་སུ་བསྔོ་བར་བྱེད། དཀོན་མཆོག་གསུམ་གྱི་རིགས་མི་གཅད་པར་བྱ་བའི
128a7 ཕྱིར་ཡོངས་སུ་བསྔོ་བར་བྱེད། ལུས་ཀྱི་རྒྱན་དང་། མཚན་དང་། དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད། ཚིག་གི་རྒྱན་དང་། ཆོས་བསྟན་པ་དོན
iiif viewer powered by OpenSeadragon
127b - 128b