| | e-texts navigator
|
125b1 བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་གཟུགས་དང་། མཚན་དུ་མཐོང་ངོ་། །སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི།
125b2 དེ་བཞིན་གཤེགས་པ་ལ་ཡོན་ཏན་ཡོངས་སུ་གྲུབ་པར་མཐོང་ངོ་། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བར
125b3 མཐོང་ངོ་། །བློ་གྲོས་རྒྱ་མཚོ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་ལ་གཟུགས་དང་། མཚན་དང་། ཡོན་ཏན་ཡོངས་སུ་གྲུབ
125b4 པ་དང་། སྐྱེ་བ་དང་། རིགས་དང་། རུས་དང་། ཆོས་ཉིད་དུ་ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་མིག་ནི། ཤེས་རབ་ཀྱིས་རྣམ་པ་ལྟ་བའོ། ཤེས་རབ་ལ་གནས་པའོ། །ཤེས་རབ
125b5 ཏུ་ཡང་དག་པར་འདུ་བའོ། །ཤེས་རབ་ཀྱང་རྒྱུ་བ་མེད་པའི་སྤྲོས་པ་མེད་པ་སྟེ། དེ་ནི། མཐོང་བའང་མ་ཡིན། མི་མཐོང་བའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཐོང་བ་དང་། མི་མཐོང
125b6 བ་དེ་གཉི་གའང་མཐའ་སྟེ། མཐོང་བ་དང་། མི་མཐོང་བའི་མཐའ་གཉིས་དང་བྲལ་བ་ནི། སངས་རྒྱས་མཐོང་བའོ། །གང་སངས་རྒྱས་མཐོང་བ་དེ་བདག་མཐོང་བ་སྟེ། བདག་མཐོང་བ་རྣམ
125b7 པར་དག་པས་སངས་རྒྱས་མཐོང་བ་རྣམ་པར་དག་པ། སངས་རྒྱས་མཐོང་བ་རྣམ་པར་དག་པས་ཆོས་ཐམས་ཅད་མཐོང་བ་རྣམ་པར་དག་པར་ཁོང་དུ་ཆུད་པར་བྱའོ། །གང་མཐོང་བ་རྣམ་པར
iiif viewer powered by OpenSeadragon
125a - 126a