e-texts navigator
Collection
Volume
Page
Wylie

123b1 འགྱུར་བ། །ཁྱོད་ནི་རྒྱ་ཆེན་གཟུགས་སྟོན་གཟུགས་མ་མཆིས། །ཕྱོགས་ན་རྒྱལ་བའི་ཞིང་རྣམས་ཇི་སྙེད་པ། །ཞིང་རྣམས་ཐམས་ཅད་ཞིང་འདིར་རབ་ཞུགས་ཀྱང་། །ཞིང་འདིར་རྣམ་པར་འཕེལ
123b2 བ་མ་མཆིས་ལ། །དེ་ནས་མ་གཡོས་འཕོས་པའང་མཆིས་མ་ལགས། །སེམས་ཀུན་སེམས་མ་མཆིས་པས་མཉམ་པའི་སེམས། །སེམས་ནི་སྒྱུ་མར་འགྱུར་དང་རྟོག་མ་མཆིས། །བྱང
123b3 ཆུབ་སེམས་ནི་མཉམ་ཉིད་ཐུགས་སུ་ཆུད། །དེས་ན་སངས་རྒྱས་མཉམ་པའི་ཆོས་ལ་གནས། །ཆོས་དབྱིངས་མཉམ་པའི་དབྱིངས་ལ་རབ་ཏུ་ཞུགས། །ཆོས་རྣམས་ཐམས་ཅད་དངོས་པོར
123b4 འཇུག་མ་མཆིས། །དངོས་དང་དངོས་མེད་ཆགས་བྲལ་ཆགས་མཉམ་པ། །འགྲོ་བའི་དོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གདུགས་དང་དགུང་ཟླ་དོག་སར་ལྷུང་ཡང་གདའ། །བསེར་མ་ཞགས
123b5 བས་གཟུང་དུ་རུང་ཡང་གདའ། །རི་རྒྱལ་ཁ་ཡི་དབུགས་ཀྱིས་གཏོར་དུ་རུང་། །རྒྱལ་བའི་གསུང་ནི་ལོག་པར་གསུང་མི་མངའ། །ཡང་དག་ཁོ་ན་གསུང་ཅན་ཡོངས་སུ་དག་།ཐུགས་དག་ནམ་མཁའ
123b6 འདྲ་བའི་ཐུགས་མངའ་བ། །འཇིག་རྟེན་ཆོས་དང་རྙེད་དང་སྲེད་པ་བསམ། །པདྨ་ལྟ་བུར་སྲིད་གསུམ་ཆགས་མི་མངའ། །བསྔགས་པའི་ཕྲེང་བ་གསན་ཀྱང་དགྱེས་མི་འགྱུར། །སྨད་པ་གསན་ཀྱང་ཞེ
123b7 སྡང་ཡོང་མི་མངའ། །རི་རབ་ལྟ་བུར་ཡོངས་སུ་རྟོག་ལས་གྲོལ། །འགྲོ་ལ་བདེ་སྩོལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས




iiif viewer powered by OpenSeadragon

123a - 124a

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo