e-texts navigator
Collection
Volume
Page
Wylie

115b1 འོང་ཞིང་འཇིག་རྟེན་ཀུན་ཚིམ་བྱེད། །སེམས་ཉིད་རྣམ་དག་བསམ་གཏན་མངོན་ཤེས་ལྡན་པར་འགྱུར། །འདི་ལས་རྒྱལ་བ་རྣམས་ཀྱི་སངས་རྒྱས་ཚུལ་མི་འཆད། །འདི་ལས་ཆོས་ཚུལ
115b2 གྱ་ནོམ་ཚུལ་ཡང་ཏུ་འབར། །འདི་ལས་འགྲོ་བའི་སྦྱིན་གནས་དགེ་འདུན་འབྱུང་བར་འགྱུར། །དེས་ན་སངས་རྒྱས་ཐེག་འདི་འཇིག་རྟེན་གསུམ་དུ་གྲགས། །ཐེག་པ་འདི་ནི་སྟོང་པའི་ཞིང
115b3 དུ་མི་འགྲོ་སྟེ། །རྒྱལ་བ་རྣམས་ཀྱི་འདི་ནི་སྐད་ཅིག་མི་སྣང་འགྲོ། །ཕྱོགས་བཅུར་སོང་ཡང་ཡོངས་སུ་མི་སྐྱོ་འགྲིབ་པ་མེད། །མཚུངས་པ་མེད་པའི་ཐེག་པའི་ཆོ་འཕྲུལ་ཅི་འདྲ་ལྟོས། །འཇིག
115b4 རྟེན་ཀུན་ཏུ་བསྐོར་ཀྱང་གང་ཞིག་དེ་འདྲའམ། །དེ་ལས་ལྷག་པར་གྱུར་པའི་སེམས་ཅན་དེ་མི་རྙེད། །བྱང་ཆུབ་སེམས་དཔའི་ཚེ་ཉིད་འགྲོ་བའི་དཔའ་བོ་གཅིག་།ཐེག་པ་མཆོག་ལ་གནས
115b5 ནས་བདུད་སྡེ་སྐྲག་པར་བྱེད། །ཐེག་པ་མཆོག་ལ་གནས་ནས་གཟུགས་དང་སྟོབས་མཐུ་དང་། །ལོངས་སྤྱོད་དབང་ཕྱུག་ཐོབ་ཅིང་བརྒྱ་བྱིན་ཚངས་པ་དང་། །འཁོར་ལོས་བསྒྱུར་དང་སྐྱོང
115b6 དང་གང་ཡང་སྲིད་གསུམ་ན། །ལྷ་དང་མི་ཡི་བདེ་སྐྱིད་སྐྱིད་པ་ཐམས་ཅད་འཐོབ། །ཐེག་པ་མཆོག་ལ་གནས་ནས་སེམས་ཞུམ་བརྒྱ་ལམ་མེད། །གོང་བ་མེད་ལ་ཕངས་ཤིང་ཕངས་པ
115b7 རྣམས་ཀྱང་གཏོང་། །བྱིན་ནས་ཞུམ་པ་མེད་ཅིང་མིག་དང་མགོ་བཏང་ནས། །དགའ་ཞིང་བྱམས་པའི་སེམས་སུ་གྱུར་ཏེ་བྱང་ཆུབ་འགྲོ་།ཐེག་པ་མཆོག་ལ་གནས་ནས་དེ་ནི་སྐྱབས




iiif viewer powered by OpenSeadragon

115a - 116a

Texts on this page

H153 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo