e-texts navigator
Collection
Volume
Page
Wylie

90b1 ཡང་རུང་བ་ཞིག་གིས་སྣོད་ཆེན་པོའམ། ཆུང་ངུའང་རུང་སྟེ། མར་རམ་ཏིལ་མར་གྱིས་བཀང་ནས་མར་མེ་སྦར་ན། མར་མེའི་མེ་ལྕེ་དེ་ཏིལ་མར་ཇི་སྲིད་ཡོད་པ་དེ་སྲིད་དུ་འབར་ལ། ཏིལ་མར་ཟད་ནས
90b2 མར་མེ་ཟད་པར་འགྱུར་རོ། །དེ་ལ་ཉོན་མོངས་པ་ཟད་པ་ནི། མར་མེ་ཟད་པ་དང་འདྲ་བར་བསྟན། དེ་བཞིན་གཤེགས་པ་ནི། སྣོད་བཞིན་དུ་རྟག་པ་ཡིན། ཉོན་མོངས་པ་ཟད་པ་ནི། མར་མེ་དང་ཏིལ་མར
90b3 འདྲ་ན། ཅི་སྣོད་ཀྱང་མར་མེ་དང་མགོ་མཉམ་དུ་མེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི། མ་ལགས་ཏེ། སྣོད་ནི། མ་མཆིས་པར་མི་འགྱུར་ལགས་ན། ཅི་ལགས། དེ་བཞིན
90b4 གཤེགས་པའང་སྣོད་དང་འདྲ་བར་བས་པར་འགྱུར་རམ། གལ་ཏེ་དེ་བཞིན་གཤེགས་པའང་ཏིལ་མར་གྱི་སྣོད་དང་འདྲ་ན་ནི། དེ་བཞིན་གཤེགས་པའང་ཟད་པར་འགྱུར་བར་བཀའ་སྩལ་པར
90b5 མི་འགྱུར་ལགས་སམ། བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི། སྣོད་དང་འདྲ་བ་མ་ཡན་ཏེ། མཆོག་ཏུ་རྟག་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་སྟེ། དེ་བས་ན། མྱ་ངན་ལས་འདས
90b6 པ་རྟག་ཏུ་མཆོག་ཏུ་བདེ་བ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་མར་མེའི་གནས་དང་འདྲ་བ་ནི། དགྲ་བཅོམ་པ་ཡིན་ཏེ། དེ་བས་ན། མྱ་ངན་ལས་འདས་པའི་གནས་དགྲ་བཅོམ་པ་ཉིད་ཐོབ་པ་ནི།
90b7 འབྲས་བུའི་མཆོག་ཅེས་བྱའོ། །དགྲ་བཅོམ་པ་ཐམས་ཅད་ནི། ཟང་ཟིང་ལ་ཞེན་པ་དང་བྲལ་ཏེ། ཟང་ཟིང་མེད་པ་དང་། མར་མེའི་གནས་བཞིན་དུ་མཐར་ཐུག་པ་དང་། ཟང་ཟིང་མེད་པ་ལ་དགའ་བ




iiif viewer powered by OpenSeadragon

90a - 91a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo