e-texts navigator
Collection
Volume
Page
Wylie

88b1 དེ|་ལས་ཆེན་པོ་དེ་དག་བྱེད་མོད་ཀྱི། ང་ནི། ལས་ཆེན་པོ་དེ་བྱེད་པའང་མ་ཡིན་ལ་སེམས་ཅན་རྣམས་ཀྱིས་ནི། འདི་ནི། ལས་དེ་བྱེད་པ་ཡིན་ནོ། །སྙམ་དུ་ཡང་དག་པར་ཤེས་སོ། །ཛམྦུའི་གླིང་ལ
88b2 ལར་ནི། བྱ་རྒོད་དང་། ཁྭ་ཏ་རྣམས་ངེས་པར་བསྒྲལ་བའི་ཕྱིར་ང་དུར་ཁྲོད་དུ་འགྲོ་བར་བྱེད་མོད་ཀྱི། དེར་ང་ལྟ་བའི་འདུ་ཤེས་མི་འཇུག་གོ། ཛམྦུའི་གླིང་ལ་ལར་ནི། དམ་པའི་ཆོས་གནས་པར
88b3 བྱ་བའི་ཕྱིར་ང་ཁྱིམ་བདག་ཏུའང་སྟོན་ཏོ། །དམ་པའི་ཆོས་སྐྱོང་བ་དང་། འཇིག་རྟེན་སྐྱོང་བ་བསྲུང་བའི་ཕྱིར་བློན་པོ་རྣམས་ཀྱི་ནང་དུ་བློན་པོར་བཀུར་རོ། །གཞོན་ནུ་རྣམས་ལ་དམ་པའི་ཆོས་ཡང་དག
88b4 པར་བསྟན་པའི་ཕྱིར་གཞོན་ནུ་རྣམས་ཀྱི་ནང་དུ་གཞོན་ནུར་བཀུར་རོ། །དམ་པའི་ཆོས་ཀྱི་རྒྱལ་པོའི་ཆོས་ལུགས་ཡང་དག་པར་བསྟན་པའི་ཕྱིར་རྒྱལ་པོ་རྣམས་ཀྱི་ནང་དུ་རྒྱལ་པོར་བཀུར་རོ། །ཛམྦུའི
88b5 གླིང་ལ་ལར་ནི། ནད་ཀྱི་བར་གྱི་བསྐལ་པའི་ནང་དུ་སེམས་ཅན་རྣམས་ལ་སྨན་བྱིན་ནས་དེ་དག་དམ་པའི་ཆོས་ལ་གཟུད་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་ནད་ཀྱི་བར་གྱི་བསྐལ་པའོ། །སྙམ་དུ
88b6 ཡང་དག་པར་ཤེས་སོ། །ཛམྦུའི་གླིང་ལ་ལར་ནི། མུ་གེའི་བར་གྱི་བསྐལ་པའི་ནང་དུ་བཀྲེས་ཤིང་ཉམ་ཆུང་བའི་སེམས་ཅན་རྣམས་བདུད་རྩིའི་ཟས་ཀྱིས་ཚིམ་པར་བྱས་ནས་དམ་པའི་ཆོས་ལ་འཛུད་པར
88b7 བྱེད་དེ|་སེམས་ཅན་རྣམས་ཀྱིས་མུ་གེའི་བར་གྱི་བསྐལ་པའོ། །སྙམ་དུ་ཡང་དག་པར་ཤེས་སོ། །ཛམྦུའི་གླིང་ལ་ལར་ནི། མཚོན་གྱི་བར་གྱི་བསྐལ་པ་བསྟན་ཏེ། དེ་དག་ཚོགས་ཤིང་གཅིག་ལ




iiif viewer powered by OpenSeadragon

88a - 89a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo