| | e-texts navigator
|
87b1 ཡིན་གྱི|་སངས་རྒྱས་ནི། འདོད་ཆེན་པ་མ་ཡིན་ནོ། །ཛམྦུའི་གླིང་ལ་ལར་ནི། ངས་དམ་པའི་ཆོས་འཛིན་པར་བསྟན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་དམ་པའི་ཆོས་ཀྱི་ཕྱོགས་འཛིན་པའོ། །སྙམ་དུ
87b2 ཡང་དག་པར་ཤེས་སོ། །འདི་ནི། སངས་རྒྱས་རྣམས་ཀྱི་རང་བཞིན་ཏེ། འདི་ནི། ཆོས་ཉིད་ཡིན་པས་ངོ་མཚར་ཆེ་བ་མེད་དོ། །ཛམྦུའི་གླིང་ལ་ལར་ནི། ང་བདུད་བགེགས་བྱེད་པ་ལྟ་བུར་སྟོན་ཏེ།
87b3 སེམས་ཅན་རྣམས་ཀྱིས་ཀྱེ་མ་བདུད་སྡིག་ཅན་སྙམ་དུ་ཡང་དག་པར་ཤེས་ལ། པདྨ་ཆུས་མི་གོས་པ་བཞིན་དུ་ང་ལ་བདུད་ཀྱི་ཉེས་པས་མི་གོས་སོ། །ཛམྦུའི་གླིང་ལ་ལར་ནི། ང་བུད་མེད་ཀྱི་གཟུགས
87b4 ཀྱིས་འཚང་རྒྱ་བར་སྟོན་ཏེ། སེམས་ཅན་ཡིད་གཉིས་ཟ་བ་རྣམས་ཀྱིས་བུད་མེད་འཚང་རྒྱ་བར་བྱེད་དོ། །སྙམ་དུ་ཡང་དག་པར་ཤེས་ལ། དེ་བཞིན་གཤེགས་པ་ནི། རྟག་ཏུ་སྐྱེས་པ་ཁོ་ན་ཡིན་བཞིན་དུ
87b5 སེམས་ཅན་རྣམས་གདུལ་བའི་ཕྱིར་གཉིས་ཀར་ཡང་སྟོན་ཏོ། །དེ་བཞིན་དུ་གཟུགས་དུ་མའི་ཐབས་ཀྱི་ཕྱོགས་ལ་འཇུག་པ་བསྟན་ཏེ། དེ་དག་ཐམས་ཅད་ཀྱང་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད
87b6 དོ|་|ཛམྦུའི་གླིང་ལ་ལར་ནི། ངས་འགྲོ་བ་བཞི་པོ་རྣམས་སུ་སྐྱེ་བར་བསྟན་ཏེ། དེའི་ལས་བྱེད་པའང་མ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་སུ་འཇུག་པའང་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།།
87b7 ཛམྦུའི་གླིང་ལ་ལར་ནི། ངས་ཚངས་པའི་གཟུགས་བསྟན་ཏེ། ཚངས་པ་ལ་དད་པའི་སེམས་ཅན་རྣམས་ལ་བགེགས་བྱ་བ་བསྟན་ནས་དམ་པའི་ཆོས་ལ་དགོད་པར་བྱེད་ལ། དེའི་ལས་བྱེད་པའང་མ
iiif viewer powered by OpenSeadragon
87a - 88a