e-texts navigator
Collection
Volume
Page
Wylie

86b1 འཁྲུ་བ་ལྟ་བུར་སྣང་མོད་ཀྱི། ང་ལ་དེ་དགོས་པ་མེད་དོ། །སེམས་ཅན་རྣམས་ཀྱིས་ནི། མིའི་དངོས་པོར་ཡང་དག་པར་ཤེས་ཏེ། སྒྲ་གཅན་ཟིན་གྱི་ཕར་བསྟན་པ་དང་། ཟས་གཙང་མ་དང་། སྒྱུ་འཕྲུལ་ཕ
86b2 མར་བསྟན་པའང་འཇིག་རྟེན་གྱི་དོན་ཡིན་ནོ། །འཇིག་རྟེན་གྱི་བདེ་བ་མྱོང་ནས་ངེས་པར་བྱུང་སྟེ་ནགས་ཚལ་དུ་རབ་ཏུ་བྱུང་བ་དང་། རྒྱལ་པོའི་བུ་གཽ་ཏ་མ་ཞེས་བྱ་བ་ནི། འདོད་པ་དང་། འདོད་པ་མ་ཡིན་པ
86b3 དང་། བདེ་བ་དང་། བདེ་བ་མ་ཡིན་པ་བྱེ་བྲག་ཕྱེད་པར་གྱུར་ནས་མྱ་ངན་ལས་འདས་པའི་བདེ་བ་ཚོལ་ལོ། །ཞེས་བྱ་བ་འདིའང་བྱིས་པའི་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་རོ། །དེ་བཞིན་གཤེགས
86b4 པ་ནི|་འཁྲིག་པ་ལས་བྱུང་བ་མ་ཡིན་ཏེ། སྒྲ་གཅན་ཟིན་གྱི་ཕར་གྱུར་པར་བསྟན་པ་དང་། རང་གི་ཕ་མ་བསྟན་པའང་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ། །ལྷ་དང་། མི་དང་། ལྷ་མ་ཡིན
86b5 རྣམས་ཀྱིས་ནི། མིའི་དེ་བཞིན་གཤེགས་པའོ། །སྙམ་དུ་ཡང་དག་པར་ཤེས་སོ། །རིགས་ཀྱི་བུ། ཛམྦུའི་གླིང་ལ་ལར་ནི། ང་ཡང་དང་ཡང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྟོན་ཏེ། འོན་ཀྱང
86b6 གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་དོ། །རེས་འགའ་ནི། སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གྲོངས་སོ། །སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། དེ
86b7 བཞིན་གཤེགས་པ་ནི། དུས་ཐམས་ཅད་དུ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པ་ནི། སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ། །ཛམྦུའི་གླིང་ལ་ལར་ནི། སྐྱེ




iiif viewer powered by OpenSeadragon

86a - 87a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo