e-texts navigator
Collection
Volume
Page
Wylie

7b1 གྱི་མདོག་དང་། ལྡོང་རོས་ཀྱི་མདོག་དང་། སྤྲིན་གྱི་མདོག་ཅན་ཤ་སྟག་སྟེ། ཐབས་དེ་འདྲ་བའི་ཤིང་རྟ་རེ་རེའི་མདུན་ལོགས་དང་། རྒྱབ་ལོགས་སུ་རྒྱལ་མཚན་དང་བ་དན་བསྒྲེང་སྟེ། རྒྱལ་མཚན
7b2 ཐམས་ཅད་ཀྱང་རིན་པོ་ཆེ་ལས་བྱས་པ། གསེར་གྱི་དྲ་བས་གཡོགས་པ་ཤ་སྟག་གོ་།རྒྱལ་མཚན་གྱི་མདུན་ལོགས་སུའང་གདུགས་རྩིབས་དང་། རྩ་བ་ནོར་བུ་དྲི་མ་མེད་པ་འོད་ཅན་ལས་བྱས་པ།
7b3 མུ་ཏིག་གི་ཆུན་པོ་དབྱངས་པ་ཤ་སྟག་ཁྱེར་རོ། །གདུགས་རེ་རེའི་མདུན་ལོགས་སུའང་གསེར་གྱི་མེ་ཏོག་ཀུ་མུ་ད་དང་། ཨུཏྤ་ལ་དང་། པདྨ་དཀར་པོ་སྡོང་བུ་བཻཌཱུཪྱ་ལས་བྱས་པ། ཟེ་བ་རྡོ་རྗེ
7b4 ལས་བྱས་པ། བུང་བ་མང་པོ་སྐད་འབྱིན་པ། དྲི་བསུང་ཞིམ་པོ་དང་ལྡན་པ། ཡིད་དུ་འོང་བ། འོད་དང་ལྡན་པ། ཆེ་བ། མང་བ་ཤ་སྟག་དང་། ལྡ་ལྡི་ཆེན་པོ་ཤ་སྟག་ཁྱེར་རོ། །ལྡ་ལྡི་ཆེན་པོ
7b5 རྣམས་ཀྱི་མདུན་དུའང་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་སྤྱོད་པ་རི་མོར་བྲིས་པ་ཆེན་པོ་དག་ཐོགས་སོ། །རི་མོའི་གཟུགས་རེ་རེའི་གློ་གཡས་གཡོན་ནས་ཀྱང་ཟློས་གར་གྱི་གར་ཐབས་ཡུལ
7b6 དབུས་ནས་བྱུང་བ་རྣམ་པ་སྣ་ཚོགས་བྱེད་དེ། གར་ཐབས་བྱེད་པ་དེའི་ནང་ན་སིལ་སྙན་རིན་པོ་ཆེ་ལས་བྱས་པའི་རྫ་རྔ་དང་། འཁར་རྔ་དང་། རྔ་ཟླུམ་དང་། པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གཅིག
7b7 པ་དང་། རྔ་བོ་ཆེ་དང་། དུང་ལ་སོགས་པ་དག་བརྡུང་ཞིང་འབུད་དོ། །གར་ཐབས་ཀྱི་སིལ་སྙན་དེ་དག་ལས་ཀྱང་ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ། །ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་བརྗོད་ཅིང་གདུང




iiif viewer powered by OpenSeadragon

7a - 8a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo