| | e-texts navigator
|
79b1 འགྱུར་ལ། འདི་ལྟར་ན་ནི། སླུ་བར་མི་འགྱུར་རོ། །སྙམ་དུ་རྟོག་སྟེ། དཔེར་ན། མི་ལ་ལ་ཞིག་ནམ་མཁའ་ཞེས་ཀྱང་ཟེར། མཁའ་ཞེས་ཀྱང་ཟེར། ཅིའང་མེད་པ་ཞེས་ཀྱང་ཟེར། ཐོགས་པ་མེད་པ་ཞེས་ཀྱང་ཟེར
79b2 ཏེ|་དེ་དེ་སྐད་ཟེར་ན། གཞན་དག་ལ་སླུ་བ་མ་ཡིན་ནོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྟག་པ་འདི་ལ
79b3 མོས་ནས་ཆོས་ཀྱི་རྣམ་གྲངས་བཞི་པོ་རྣམས་རྗོད་པར་བྱེད་ན། གཞན་དག་ལ་སླུ་བ་མ་ཡིན་ནོ། །ལྕགས་ཀྱི་གར་བུ་མེ་འབར་བ། །བརྡུང་བའི་ཚེ་ན་ཁད་ཀྱིས་ནི། །གྲང་བར་འགྱུར་ཡང་མེ་ཡི་དྲོད། །གང་དུ
79b4 སོང་བ་མི་རིག་ལྟར། །དེ་བཞིན་ཡང་དག་རྣམ་གྲོལ་བ། །འདོད་པའི་འདམ་དང་ཆུ་བོ་བརྒལ། །མི་གཡོ་བདེ་བ་ཐོབ་རྣམས་ཀྱང་།གང་དུ་སོང་བ་གདགས་སུ་མེད། །ཡང་བཀའ་སྩལ་པ། རིགས་ཀྱི་བུ། དེ་ལྟར
79b5 ཁྱོད་དེ་བཞིན་གཤེགས་པ་རྣམས་མེད་པར་འགྱུར་བའི་འདུ་ཤེས་སུ་ལྟ་བས་སྙིང་མི་དགར་མ་བྱེད་ཅིག་། ལྕགས་དང་། མདོ་ལྕགས་ཞེས་བྱ་བ་ནི། དོན་ཐ་དད་པ་མ་ཡིན་ཏེ། ལྕགས་མེར་འབར་བ་ལས
79b6 གྲང་བར་གྱུར་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་མེད་པར་འགྱུར་བའི་གནས་མེད་དོ། །ལྕགས་མེར་འབར་བ་ལས་གྲང་བ་བཞིན་དུ་ཉོན་མོངས་པའི་རྣམ་པ་ཞི་བར་འགྱུར་མོད་ཀྱི། གང་གི་ཚེ་ལྕགས
79b7 མེར་འབར་བ་གྲང་བར་འགྱུར་བ་ན་ཚ་ཚ་འཕྲོ་བ་ཐམས་ཅད་དང་བཅས་ཏེ་མེད་པར་འགྱུར་ན་ནི། དེའི་ཚེ་དེ་བཞིན་གཤེགས་པའང་མི་རྟག་པར་འགྱུར་ན། ལྕགས་དེ་འོད་དང་བཅས་པར་མེད་པར་འགྱུར
iiif viewer powered by OpenSeadragon
79a - 80a