| | e-texts navigator
|
69a1 ལ་ཞིག་གིས་དོན་གྱི་དམིགས་བྱུང་བ་གཅིག་ཅིག་བྱས་ལ། བསླབ་པའི་གཞི་དེ་དམ་པོར་མ་བྱས་པ་དེ་བཞིན་གཤེགས་པས་ལན་གསུམ་གྱི་བར་དུ་གཟིགས
69a2 ཀྱང་བསླབ་པའི་གཞི་གཞན་འཆའ་བར་མཛད་དེ། དེ་ནི། ཕྱིར་གསོ་བ་ཚང་བ་ཞེས་བྱ་སྟེ། རྔམས་ཆུང་དུ་ཞེས་བྱའོ། །དེའང་ལྷག་མ་དང་བཅས་པའི་འདུལ་བ་ནི། བཙན་པར་བྱེད་དོ། །
69a3 རུང་བ་མ་ཡིན་པའི་སྦྱིན་པའི་ཕན་ཡོན་གང་ལས་འབྱུང་བའི་འདུལ་བ་དེ་ནི། བཙན་པར་མི་བྱེད་དོ། །འདུལ་བ་ལ་སློབ་པར་བྱེད་དོ། །ཚུལ་ཁྲིམས་འཆལ་བ་ནི། ཚུལ་ཁྲིམས་སྤངས
69a4 ལ་ཆོས་གོས་རྣམས་དང་བཅས་ཤིང་གཞོན་ནུ་ཆེན་པོ་ཡིན་ནོ། །དེ་ནི། དེའི་འདུལ་བའང་བཙན་པར་མི་བྱེད་ལ་གང་འདུལ་བ་ལ་སྣང་བ་དེ་ལ་དེ་མཆོག་ཏུ་ཆོག་ཤེས་པར་བྱེད་དོ། །སངས
69a5 རྒྱས་ཀྱི་གསུང་རབ་ལས་གང་རྐྱེན་དུ་འཚམ་པ་སྟོན་པར་བྱེད་དོ། །དེ་ལས་བཏུས་པ་དེ་ལའང་འདུལ་བ་ཞེས་ང་ཟེར་ཏེ། དེ་ནི། འདུལ་བ་འཛིན་པ་ཡིན་ནོ། །ཡི་གེ་གཅིག་ཀྱང་ཤེས་ཏེ། གང
69a6 ཡི་གེ་གཅིག་ཤེས་པ་དེ་ལྟ་བུ་ནི། འཇིག་རྟེན་ན་འདུལ་བ་འཛིན་པ་ཡིན་ཏེ། འདི་ནི། མདོ་སྡེ་བ་འདུལ་བ་འཛིན་པ་ཞེས་བྱའོ། །དེ་ལྟར་ན། དེ་བཞིན་གཤེགས་པའི་བསྟན་པ་ནི། དཔག
69a7 ཏུ་མེད་དོ། །དེ་བཞིན་གཤེགས་པ་ནི། བསམ་གྱིས་མི་ཁྱབ་བོ། །གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ལྟ་ལགས་ཀྱང་བསམ་གྱིས་མི་ཁྱབ་ལགས། རྟག་པ་དང་།
iiif viewer powered by OpenSeadragon
68b - 69b