e-texts navigator
Collection
Volume
Page
Wylie

65a1 ཟན་ཟོས་ནས་གཅིག་པུ་ཕྱོགས་གཅིག་ན་མི་སྨྲ་བར་འདུག་སྟེ་བསམ་གཏན་བྱེད་ལ། ལུས་ཀྱི་རང་བཞིན་ལའང་ལྟ་བར་བྱེད་དོ། །སེམས་ཅན་འོངས་པ་རྣམས་ལའང
65a2 སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། བསོད་ནམས་ཀྱི་གཏམ་དང་། བསོད་ནམས་ཀྱི་རྣམ་པར་སྨིན་པའི་གཏམ་དང་། ཆོག་ཤེས་པ་དང་བསྙུང་པའི་ཆོས་སྟོན་ལ། སེངྒེའི
65a3 སྒྲ་སྒྲོག་པར་ཡང་མི་བྱེད། སེངྒེ་ལྟ་བུའི་འཁོར་ཡང་མི་འཆད། རྟགས་ཅན་འཆལ་བ་ཚར་གཅད་པའི་ཕྱིར་ཡང་སྟོན་པར་མི་བྱེད་པའི་དགེ་སློང་དེ་ནི། སྐྱེ་བོ་ཐམས་ཅད་ལ་ཕན་པའི་ཕྱིར
65a4 ཞུགས་པའང་མ་ཡིན། བདག་ལ་ཕན་པའི་ཕྱིར་ཞུགས་པའང་མ་ཡིན་ཏེ། ཉོན་མོངས་པ་ཞན་པ་ཡིན་པས་ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་ཙམ་དུ་ཟད་དོ། །དགེ་སློང་ཚུལ
65a5 ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་གཞན་ཞིག་གནས་གཞན་ཞིག་ན་མལ་སྟན་གསར་པ་ལ་འདུག་ཅིང་སེངྒེའི་སྒྲ་སྒྲོག་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་གསུང
65a6 རབ་ཡན་ལག་དགུ་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས
65a7 པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་སྟོན་ཏེ། མདོ་འདི་ལ་དགེ་སློང་བྲན་དང་། བྲན་མོ་དང་། བ་ལང་དང་། མ་ཧེ་ལ་སོགས་པ་རྫས་ངན་པ




iiif viewer powered by OpenSeadragon

64b - 65b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo