| | e-texts navigator
|
64b1 ཤིག་། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་བ། བཅོམ་ལྡན་འདས། དེ་ལྟར་ན། དེ་བཞིན་གཤེགས་པ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ལ་སྙུན་དང་། མི་རྟག་པ་དང་། འཇིག་པ་ག་ལ་ཞིག
64b2 མཆིས་ཏེ། དེང་སླན་ཆད་དེ་བཞིན་གཤེགས་པ་ནི། ཆོས་ཀྱི་སྐུ་སྟེ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། ཞི་བའོ། །ཞེས་གཞན་དག་ལའང་བསྟན་པར་འཚལ་ན། རྡོ་རྗེ་ལྟ་བུར་མི
64b3 ཤིགས་པའི་སྐུ་འདི་ཇི་ལྟར་འགྲུབ་པར་འགྱུར་ལགས། སྐུ་འདི་ལྟ་བུར་རྒྱུ་ཅིས་འགྲུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སྐུ་འདི་ལྟ་བུ་ནི། དམ་པའི་ཆོས་སྲུང་བའི་བསོད
64b4 ནམས་ཀྱི་རྒྱུས་གྲུབ་པ་ཡིན་ནོ། །རིགས་ཀྱི་བུ་དམ་ཆོས་སྲུང་བའི་དགེ་བསྙེན་གྱིས་ནི། བསླབ་པའི་གཞི་ལྔ་བླང་བར་མི་བྱའོ། །དགེ་བསྙེན་གྱི་འདུལ་བའང་སྤྱད་པར་མི་བྱའོ། །ཚུལ་ཁྲིམས་དང་། ཆོ་ག་དང་།
64b5 ཡོན་ཏན་དང་ལྡན་པའི་དགེ་སློང་རྣམས་བསྲུང་བའི་ཕྱིར་མདའ་གཞུ་དང་། རལ་གྲི་དང་། མདུང་ཐུང་ཁ་ལེབ་ལག་ཏུ་ཐོགས་པར་བྱའོ། །གསོལ་བ། དགེ་སློང་དག་ལས་སྲུང་མ་དང་ལྷན་ཅིག་མི་འཁོད
64b6 པར་གཅིག་བུ་ཤིང་དྲུང་དུ་སྟན་བཏིང་བ་ལ་མཆིས་པ་གང་ལགས་པ་དེ་དག་ནི། དགེ་སློང་ཞེས་བགྱི་བ་ལགས་སོ། །སྲུང་མ་དང་ལྷན་ཅིག་འཁོད་པ་གང་ལགས་པ་དེ་དག་ནི། ཁྱིམ་བདག་མགོ་རེག
64b7 ཅེས་བགྱི་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ། ཁྱིམ་བདག་མགོ་རེག་ཅེས་དེ་སྐད་མ་ཟེར་ཅིག་།འདི་ན་དགེ་སློང་ལ་ལ་མ་ལ་སྟན་གསར་པ་ལ་འདུག་ཅིང་། དེ
iiif viewer powered by OpenSeadragon
64a - 65a