e-texts navigator
Collection
Volume
Page
Wylie

40b1 ཤིང་རྟའི་རིག་བྱེད་ལ་མཁས་པས་བདག་གི་བུ་ལ་ནི། །རྒྱུད་ཕྱི་མ་སྒྲ་གྲགས་པར་ཕོག་པའི་དཔྱད་ཐམས་ཅད་སློབ་པར་བགྱིད་ཀྱི། སློབ་མ་ལ་ནི། སློབ་པར་མི་བགྱིད་པ་དང་། རིག་པའི་གནས
40b2 གཞན་དག་ལའང་དེ་བཞིན་དུ་སྦྱར་རོ། །བཅོམ་ལྡན་འདས། དཔེར་གསོལ་ན། བྱིས་པའམ། རྒན་པོའམ། ནད་པ་ལ་ལ་ཞིག་ལམ་བཟང་པོ་ལས་གོལ་ཏེ་ལམ་ངན་པར་མཆིས་ན། ཤིན་ཏུ
40b3 སྡུག་བསྔལ་བར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས། སེམས་ཅན་ལམ་ངན་པར་མཆིས་པ་རྣམས་ལུས་དང་བྲལ་བའི་འོག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱང་བར
40b4 འགྱུར་ལགས་ན། བཅོམ་ལྡན་འདས་ལམ་སྟོན་པ་ཡུན་རིང་དུ་བཞུགས་སོ། །ཡ་མཚན་ཅན་དགུ་བཅུ་རྩ་དྲུག་དང་། ཚིགས་སུ་བཅད་པ་བཞི་བཅུ་རྩ་ལྔ་ལའང་དེ་བཞིན་དུ་རྒྱས་པར
40b5 སྦྱར་རོ|་|དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་། ཁྱེད་ལྷ་དང་མི་རྣམས་ལྟར་བྱིས་པའི་སྨྲེ་སྔགས་འདོན་པ་དག་མ་བྱེད་པར་བརྩོན་འགྲུས་རྩོམས་ཤིག།
40b6 དེ་ནས་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་བློ་གྲོས་དང་ལྡན་པ་དང་། དེ་ཁོ་ན་ཉིད་དུ་འགྲོ་བ་ཐོས་ནས་ཇི་ལྟར་བུ་གཅིག་པ་ཤི་ནས་དུར་ཁྲོད་དུ་བོར་བ་བཞིན་དུ་དེ་དག་སྡུག
40b7 བསྔལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱེད་རྣམས་ངེས་པར་བདེར་གྱུར་ཅིག་།མྱ་ངན་མ་བྱེད་མ་དུ་ཞིག་།འདི་ནི་སངས་རྒྱས་རྣམས་ཀྱི




iiif viewer powered by OpenSeadragon

40a - 41a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo