e-texts navigator
Collection
Volume
Page
Wylie

3a1 རྗེའི་འཇིག་རྟེན་གྱི་སེམས་ཅན་དེ་དག་ལ་ཕོག་པས་དེའི་མོད་ལ་ཉོན་མོངས་པའི་མུན་པ་ཐམས་ཅད་དང་། ངན་སོང་དང་།
3a2 མི་ཁོམ་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཏོ། །དེ་ནས་མྱ་ངན་ཆེན་པོས་ནོན་ཏེ་ཚིག་མཐུན་པར་ཀྱེ་མ་ཁེབས་སོ། །
3a3 ཁེབས་སོ། །ཞེས་ཀྱང་ཟེར་ཏོ། །ཀྱི་ཧུད་ཀྱི་ཧུད་ཅེས་ཀྱང་སྐད་ཆེར་འབོད་ཅིང་ལག་པ་བརྐྱང་བས་ཀྱང་མགོ་བོ་ལ་རྡོབ་ཅིང་ལུས
3a4 འདར་ཞིང་ཤིན་ཏུ་དུའོ། །དེའི་ཚེ་ས་ཆེན་པོ་ནགས་ཚལ་དང་བཅས། རི་དང་བཅས་པའི་རྒྱ་མཚོའི་མཐས་གཏུགས་པའང་རབ་ཏུ
3a5 གཡོས་ཏེ། སེམས་ཅན་དེ་དག་ཀྱང་གཅིག་ལ་གཅིག་འཛིན་ཅིང་འདི་སྐད་དུ། གྲོགས་པོ་དག་རིངས། གྲོགས་པོ་དག་རིངས། གྱད
3a6 ཡུལ་གྱི་གྲོང་ཁྱེར་ཀུ་ཤིར་འདོང་ངོ་འདོང་ངོ་། །དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། ཡོངས་སུ་མྱ་ངན་ལས་འདའ




iiif viewer powered by OpenSeadragon

2b - 3b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo