e-texts navigator
Collection
Volume
Page
Wylie

37a1 བྱེད|་དེ་ནི། དེ་བཞིན་ཏེ། བདག་གིས་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེ་བ་ཉིད་གླེང་བའི་ཕྱིར་དེ་སྐད་དུ་བརྒལ་བར་ཟད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི
37a2 ཞལ་ནས་འོད་ཟེར་རྣམ་པ་སྣ་ཚོགས་བཀྱེ་ནས་དེ་དག་གི་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་ཕོག་གོ་། དེ་ནས་འཇམ་དཔལ་གྱིས་དེ་རྟོགས་ནས་མགར་བའི་བུ་སྐུལ་བྱེད་ལ་སྨྲས་པ།
37a3 སྐུལ་བྱེད། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་རིངས་ཀྱི། དུས་སུ་བཅོམ་ལྡན་འདས་ལ་བཤོས་འབྲིམ་དུ་ཆུག་ཅིག་།མ་ཐོགས་ཤིག་།རྒྱུ་མེད་པར་བཅོམ་ལྡན་འདས
37a4 ཀྱི་ཞལ་ནས་འོད་ཟེར་རྣམས་འབྱུང་བར་མི་འགྱུར་རོ། །དེ་ནས་སྐུལ་བྱེད་ཅང་མི་ཟེར་བར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐུལ་བྱེད། ང
37a5 ཡོངས་སུ་མྱ་ངན་ལས་འདའ་བར་འགྲོར་ངེས། དགེ་སློང་གི་དགེ་འདུན་ལ་དུས་སུ་ཟས་འབྲིམ་དུ་ཆུག་ཅིག་།ཅེས་ལན་གཉིས་ལན་གསུམ་དུ་བཀའ་སྩལ་ཏོ། །དེ་ནས་སྐུལ་བྱེད་ཀྱིས་འདི་སྐད
37a6 སྨྲས་སོ|་|ཀྱེ་མ་བཅོམ་ལྡན་འདས་མི་བཞུགས་ན་ནི། འཇིག་རྟེན་སྟོངས་པར་འགྱུར་རོ། །བདག་ཅག་ཐམས་ཅད་ཀྱིས་དུ་ཞིང་བཅོམ་ལྡན་འདས་ལ་གསོལ་བ་གདབ་བོ། །དེ་ནས་བཅོམ་ལྡན་འདས
37a7 ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐུལ་བྱེད། མ་དུ་ཞིག་།དེ་ལྟར་ལུས་ལ་རྨ་མ་འབྱིན་ཅིག། མིའི་ལུས་ལ་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པར་རྟོགས་ཤིག་།སྨིག་རྒྱུ་བ་དང་། དབུ་བ




iiif viewer powered by OpenSeadragon

36b - 37b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo