| | e-texts navigator
|
35a1 ཉལ་བ་ལས་དེའི་ཚེ་ཁྱིམ་དེ་ཐོག་ཐག་ནས་མེ་ཆེན་པོ་འབར་ཏེ། མི་དེ་མེས་འཚིག་ན། ད་ནི། སྲོག་མེད་ཟིན་ཏོ། །སྙམ་ནས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་པས
35a2 བདག་ཉིད་གོས་ཀྱིས་དམ་དུ་དཀྲིས་ཏེ་སེམས་དྲན་པ་དང་ལྡན་བཞིན་དུ་ཤི་ནས་དེ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པར་སེམས་པའི་བསོད་ནམས་ཀྱི་འབྲས་བུས་སུམ་ཅུ་རྩ་གསུམ་པའི་རྒྱལ་སྲིད་དེ། ལན
35a3 བརྒྱད་ཅུ་བྱས། ཚངས་པའི་རྒྱལ་སྲིད་ནི། ལན་འབུམ་བྱས། མིའི་འཇིག་རྟེན་དུའང་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལན་དུ་མ་བྱས་ཏེ་ངན་སོང་རྣམས་སུའང་མི་སྐྱེ་ལ་ལན་མང་དུ་བདེ་བ་གཅིག
35a4 ནས་གཅིག་ཏུ་བརྒྱུད་པ་འབའ་ཞིག་ཐོབ་པ་དེ་བཞིན་དུ། འཇམ་དཔལ། ཁྱོད་སྐྱེས་བུ་དམ་པ་དག་ལྟར་འཛེམ་པར་གྱིས་ཤིག། ངོ་ཚ་ཤེས་པར་གྱིས་ཤིག་།དེ་བཞིན་གཤེགས་པ་འདུ་བྱེད
35a5 ཀྱི་ཐབས་ལ་འཇུག་པ་སྤྱོད་དུ་མ་གཞུག་ཅིག་། དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ལ་དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ། །ཞེས
35a6 ཟེར་བས་ནི། མུ་སྟེགས་པར་གྱུར་ཏེ་ཤིའང་བླའོ། །དེ་བཞིན་གཤེགས་པ་འདུས་མ་བྱས་ཡིན་བཞིན་དུ་དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ། །ཞེས་ཟེར་པ་གང་ཡིན་པ་དེ་དག་ནི།
35a7 བརྫུན་དུ་སྨྲ་བ་ཡིན་ནོ། །དེ་བཞིན་གཤེགས་པ་འདུས་བྱས་པ་ཡིན་ནོ། །ཞེས་ཟེར་བ་རྣམས་ནི། རང་གི་ཁྱིམ་དང་འདྲ་བར་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །བཙུན་པ་འཇམ
iiif viewer powered by OpenSeadragon
34b - 35b