| | e-texts navigator
|
33a1 དུ་མྱ་ངན་ལས་འདའ་བར་གཤེགས་པར་ནི་མི་འཆལ་ལོ། །ཞེས་དེ་སྐད་མ་ཟེར་ཅིག། འདུ་བྱེད་ཀྱི་རང་བཞིན་བལྟ་བར་བྱ་མོད། དེ་ལྟར་ལྟ་བ་གང་ཡིན་པ་དེ་ནི།
33a2 སྟོང་པ་ཉིད་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དམ་པའི་ཆོས་འདོད་པས་ན་དེ་ལྟར་བསླབ་པར་བྱའོ། །སྐུལ་བྱེད་ཀྱིས་སྨྲས་པ། བཙུན་པ་འཇམ་དཔལ། འོ་ན་ཇི་ལྟར་དེ་བཞིན་གཤེགས
33a3 པ་ལྷའི་ཡང་ལྷ་མཆོག་ཏུ་གྱུར་པ་ལ་གལ་ཏེ་འདུ་བྱེད་དུ་གྱུར་ན། ལྷའི་ཡང་ལྷར་འོས་པ་མ་ཡིན་ནོ། །འདུ་བྱེད་རྣམས་ནི། ཆུ་བུར་བཞིན་དུ་ཤེས་ཤིང་ཤིང་རྟའི་འཕང་ལོ་བཞིན་དུ་འཁོར་བ
33a4 ཡིན་ནོ|་|ལྷ་རྣམས་ནི། མཆོག་ཏུ་ཚེ་རིང་ཞེས་གྲག་ལ། དེ་བཞིན་གཤེགས་པས་ནི། ལོ་བརྒྱའང་མ་ཐུབ་སྟེ། དེ་བས་ན། དེ་བཞིན་གཤེགས་པ་ལྷའི་ཡང་ལྟར་འོས་པ་མ་ཡིན་ནོ། །
33a5 དཔེར་ན། མི་ལ་ལ་ཞིག་གྲོང་དཔོན་བྱེད་པ་ལས་དེ་མཐར་གྱིས་དབང་ཕྱུག་ཆེན་པོར་གྱུར་ནས་བློན་པོ་ཆེན་པོའི་དབང་ཕྱུག་ལས་ཀྱང་འདས་ཏེ། རང་གི་དབང་ཕྱུག་གི་འབྲས་བུ་ཆོས་ཀྱིས་རྙེད
33a6 པ་ལ་ལོངས་སྤྱོད་པ་ལས་དེ་ཕྱིར་ཡང་བསོད་ནམས་ཟད་ཅིང་དབང་ཕྱུག་ལས་ཉམས་པར་གྱུར་ན། གཞན་གྱིས་བཀོལ་ཞིང་བརྙས་པར་འགྱུར་པ་སྟེ། ཅིའི་ཕྱིར་ཞེ་ན། དབུལ་པོར་གྱུར
33a7 པའི་ཕྱིར་རོ། །དེ་དང་འདྲ་བར་གལ་ཏེ་དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་དུ་ཟིན་ན། འཆི་བའི་རྒྱུ་ཡིན་པའི་ཕྱིར་ལྷའི་ཡང་ལྷར་འོས་པ་མ་ཡིན་ནོ། །བཙུན་པ་འཇམ་དཔལ་དེ་བས་ན།
iiif viewer powered by OpenSeadragon
32b - 33b