| | e-texts navigator
|
30b1 མ་གཉིས་ཤི་བ་ལས་ཕྱིར་སོས་ཏེ་གསོན་པོར་འདུག་པ་མཐོང་ན། མཆོག་ཏུ་དགའ་བར་གྱུར་པ་དེ་ཁོ་ན་བཞིན་དུ་མགར་བའི་བུ་སྐུལ་བྱེད་དེ་མཆོག་ཏུ་དགའ་བར་གྱུར་ནས་ལག་པ་བརྐྱང་སྟེ་བཅོམ
30b2 ལྡན་འདས་ལ་མགོ་བོས་ཕྱག་བཙལ་ནས་ལངས་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཀྱེ་མ་དེང་བདག་རྙེད་པ་ལེགས་པར་རྙེད། །མི་ཡི་འཇིག་རྟེན་སྐྱེས་པ་འབྲས་བུ་ཡོད། །ད་ནི་རྙེད་ལ་སོགས
30b3 ལས་འབྲལ་མི་འགྱུར། །མི་བཟད་དམྱལ་བར་ཡང་ནི་ལྟུང་མི་འགྱུར། །དེང་འདིར་རྙེད་པ་ཆེན་པོ་རྙེད་པ་འདི། །གསེར་གྱི་ཕུང་པོ་བས་ཀྱང་ལྷག་པ་ཡིན། །དཔའ་བོ་དེ་གཤེགས་མགོན་དང་ཕྲད་པས
30b4 ན|་|ཕྱིན་ཆད་བདག་ནི་དུད་འགྲོས་འཇིགས་པ་མེད། །སངས་རྒྱས་ལ་ནི་དད་པ་གཏིང་ཟུག་པ། །དེང་རྙེད་ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རབ་འཇིགས་ཡི་དྭགས་འགྲོ་བ་ཡོངས་སྤངས་ཤིང་། །
30b5 ལྷ་མིན་སྐྱེ་བའི་ས་བོན་མི་བཟོད་བཅོམ། །དེ་བཞིན་གཤེགས་འབྱུང་དཀོན་དང་དེང་ཕྲད་པ། ཁབ་ཀྱི་རྩེ་མོར་ཡུངས་འབྲུ་ཆགས་པ་བཞིན། །དེ་ལ་ཕ་རོལ་ཕྱིན་མཆོག་སྦྱིན་ཕུལ་བས། རྟག
30b6 ཏུ་ལྷ་ཡི་འགྲོ་བར་འཕར་བར་འགྱུར། །ཆུ་གནས་པདྨ་ཆུས་མི་ཆགས་པ་ལྟར། །དྲང་སྲོང་ཆེན་པོ་འཇིག་རྟེན་ཆོས་རྣམས་ཀྱིས། །ཆགས་མེད་ཕྲད་པས་སྲིད་རྩེའི་ས་བོན་ཀུན། །དྲུངས་ཕྱུང་བདག
30b7 ཉིད་འཁོར་བའི་མཚོ་ཆེན་རྒལ། །རྒྱ་མཚོའི་ནང་གི་རུས་སྦལ་ཞར་བའི་མགྲིན། །གཉའ་ཤིང་མིག་ཏུ་ཆུད་དཀའ་འདྲ་བ་ལས། །བདེ་གཤེགས་དེང་ཕྲད་དེ་ལ་སྦྱིན་པ་ཕུལ། །དེ་ན་བདག་གིས
iiif viewer powered by OpenSeadragon
30a - 31a