| | e-texts navigator
|
26b1 འབྲུལ་པའི་ལམ་གསེར་གྱི་ཐེམ་སྐས་ཐེམ་པ་བཅོ་བརྒྱད་དང་ལྡན་པ་དང་། མཐའ་ཐོག་ཐག་ཏུ་གསེར་གྱི་ཆུ་ཤིང་གི་ཕྲེང་བས་མཛེས་པར་བྱས་པའི་ལྷའི་ཙནྡན་གྱི་དྲི་བསུང་ཅན་གྱི་ཆུ་དང་ལྡན་པ
26b2 ཤ་སྟག་གོ། །གྲོང་ཁྱེར་ཆེན་པོ་དེ་དག་རེ་རེའི་ནང་ནའང་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་བརྒྱད་ཁྲི་བཞི་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་བུད་མེད་ཀྱི་ཚོགས་དཔག་ཏུ་མེད་པ་དཔག་ཏུ་མེད་པ་དག་གིས
26b3 བསྐོར་ཞིང་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །སེམས་ཅན་གཞན་དག་ཀྱང་དེ་དང་འདྲ་སྟེ། ས་ཕྱོགས་ཀ་ཙ་ལིནདའི་གོས་ལྟར་རེག་ན་བདེ་བ། ཙནྡན་གྱི་ཆུས
26b4 ཆག་ཆག་བཏབ་པ། མེ་ཏོག་གི་སིལ་མས་གཏོར་བ། གཞན་དག་ན་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །གྲོང་ཁྱེར་ཆེན་པོ་དག་ན་ཐེག་པ་ཆེན་པོའི་སྒྲ་མ་གཏོགས་པར་ཐེག་པ་གཞན་གྱི་སྒྲ་མེད་དོ། །
26b5 པདྨ་ཆེན་པོ་དེ་དག་ལའང་སེངྒེའི་ཁྲི་ཆེན་པོ་རྐང་པ་གསེར་དང་། དངུལ་དང་། བཻཌཱུཪྱ་དང་། ཤེལ་ལས་བྱས་པ། ཀ་ལིངྐའི་རས་ཀྱིས་གཡོགས་པ། ཆེ་བ་ལ་འོས་པ། འཇིག་རྟེན་གསུམ་ན་ཕུལ་དུ
26b6 བྱ་བ་ཤ་སྟག་གིས་དཀྲིས་ཏེ། སེངྒེའི་ཁྲི་དེ་དག་ལ་རྒྱལ་པོ་དེ་དག་འཁོད་ཅིང་སེམས་ཅན་གཞན་དག་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སློབ་པར་བྱེད་དེ། རྒྱལ་པོ་དེ་དག་གི་མདུན་ན་ལ་ལ་ནི། ཡི་གེ
26b7 འབྲི|་ལ་ལ་ནི། ཀློག་།ལ་ལ་ནི། ཁ་ཏོན་སློབ་བོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་ཀྱི་བ་སྤུའི་ཁུང་བུ་ནས་སྐྱེས་པའི་པདྨ་དག་ལ་འཁོད་པའི་སེམས་ཅན
iiif viewer powered by OpenSeadragon
26a - 27a