e-texts navigator
Collection
Volume
Page
Wylie

25b1 ཉིད་ཆེ་བ་ཡིན་ཏེ། རང་གི་གནས་ན་བཞུགས་བཞིན་དུའང་ཁྱེད་ལ་ཞལ་སྟོན་པར་མཛད་དོ། །འཁོར་དེ་དག་གིས་སྨྲས་པ། ཀྱེ་མ་དེ་བཞིན་གཤེགས་པ་དེ་ལྟར་བདག་ཉིད་ཆེ་བའང་ཡོངས་སུ་མྱ
25b2 ངན་ལས་འདའ་བར་འགྱུར་བ་ལྟ་ཀྱི་ཧུད་ཅེས་བླ་ཞིང་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་གིས
25b3 བསྐོར་བའང་མཐོང་སྟེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེ་ནས་པདྨ་ཆེན་པོ་བྱུང་ངོ་། །པདྨ་ཆེན་པོ་རེ་རེ་ལའང་གྲོང་ཁྱེར་བདུན་ཁྲི་བརྒྱད་སྟོང་བདུན་ཁྲི་བརྒྱད་སྟོང་ཡོད་ལ། གྲོང
25b4 ཁྱེར་དེ་དག་ཀྱང་ཡུལ་ཡངས་པ་ཅན་གྱི་ཐག་གྲུ་ཙམ་ཤ་སྟག་སྟེ། རིན་པོ་ཆེ་སྣ་བདུན་གྱི་ར་བ་དང་འོབས་བདུན་རིམ་གྱིས་བསྐོར་བ་ཤིང་ཏ་ལའི་ཕྲེང་བ་བདུན་རིམ་གྱིས་མཛེས་པར་བྱས་པ་ཤ
25b5 སྟག་སྟེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་ལྡན་ཞིང་དགའ་དགའ་ལྟར་འདུག་ལ་ར་བ་དེ་དག་ཀྱང་ཛམྦུ་ཆུ་བོའི་གསེར་གྱི་བ་གམ་ཆེན་པོ་ཤ་སྟག་གིས་བསྐོར་ཏེ། བ་གམ་ཐམས་ཅད
25b6 ཀྱི་བར་བར་ནའང་ཤིང་ལྗོན་པ་གཞོན་ཤ་ཅན་འབྲས་བུ་དང་། མེ་ཏོག་དང་ལྡན་པ་སྣ་མང་པོ་དག་ཡོད་དོ། །ཤིང་ལྗོན་པ་དེ་དག་གི་ཡལ་ག་རླུང་གིས་བསྐྱོད་པ་ལས་ཀྱང་སིལ་སྙན་དགའ་བར་བྱེད
25b7 པའི་སྒྲ་སྙན་ཞིང་ཆགས་སུ་རུང་བ་འབྱུང་བ་སྣ་ལྔ་ལྔ་སྒྲོག་སྟེ། སྒྲ་དེ་དག་གིས་སེམས་ཅན་དེ་དག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །འོབས་དེ་དག་ཐམས་ཅད་ཀྱང་ཆུ་བསིལ་ཞིང་ཤེལ




iiif viewer powered by OpenSeadragon

25a - 26a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo