e-texts navigator
Collection
Volume
Page
Wylie

25a1 འདའ་བར་འགྱུར་གྱི། དེ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཞལ་ཟས་ཀྱི་ཐ་མ་ཕུལ་ལ། ཁྱོད་ཀྱི་ཐེ་ཚོམ་དང་། ཡིད་གཉིས་ཅི་དང་ཅི་ཡོད་པ་དེ་དག་ཀྱང
25a2 ལེགས་པར་ཞུས་ཤིག་དང་། དེས་ཁྱེད་ལ་ལུང་བསྟན་པར་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ
25a3 ཡས་འདི་བཏང་སྟེ། བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་ཞིང་མདུན་དུ་བདར་ནས་འདིར་འོངས་པ་དེའི་གཟི་བརྗིད་ཀྱིས་ཁྱོད་ཀྱི་འོད་ཉམས་པར་གྱུར་ཏོ། །དེ་འོང་བ་ལ་རྗེས
25a4 སུ་ཡི་རང་བར་གྱིས་ཤིག་། དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་པས་བདག་ཅག་གི་དེ་བཞིན་གཤེགས་པ་ལ་མཆོད་པ་མཛད་པ་ལའང་ལྟོས་ཤིག་།ཅེས་བྱས་སོ། །དེ
25a5 ནས་འཁོར་དེ་དག་ཐམས་ཅད་ཀྱིས་མེ་ལོང་གི་ངོས་ལ་བདག་གི་གཟུགས་མཐོང་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐག་རིང་པོ་ན་བཞུགས་པའི་དེ་བཞིན་གཤེགས་པ་དེ་དང་། འཇིག
25a6 རྟེན་གྱི་ཁམས་དེ་མཐོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་འདི་དང་། དེ་བཞིན་གཤེགས
25a7 པ་འདི་མཐོང་བ་དེ་བཞིན་དུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དང་། འཇིག་རྟེན་གྱི་ཁམས་གཞན་དག་ཀྱང་ལྟོས་ཤིག་།དེ་བཞིན་གཤེགས་པ་རྣམས་ནི། འདི་ལྟར་བདག




iiif viewer powered by OpenSeadragon

24b - 25b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo