e-texts navigator
Collection
Volume
Page
Wylie

24a1 ཀ་ཡི་འཇིག་རྟེན་གྱི་ཁམས་སུ་སོང་ལ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རིང་པོ་མི་ཐོགས་པར
24a2 ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱི། རིགས་ཀྱི་བུ། ཁྱོད་ཀྱིས་དེའི་དོན་དུ་འཇིག་རྟེན་གྱི་ཁམས་འདི་ནས་ཞལ་ཟས་ཞིམ་པོ་ཕན་པ་དག་ཁྱེར་ཏེ་སོང་ཞིག་།མཆོད་པ་ཆེན་པོ་དག
24a3 ཀྱང་ཁྱེར་ཏེ་སོང་ལ་དེ་ལ་འདི་སྐད་དུ། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཀྱི་ཞལ་ཟས་འདི་གསོལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དུ་གསོལ་ཞེས་གྱིས་ཤིག་།ཁྱོད་ཀྱི
24a4 ཐེ་ཚོམ་དང་། ཡིད་གཉིས་ཅི་དང་ཅི་ཡོད་པ་དེ་དང་། དེ་དག་ཀྱང་དེ་བཞིན་གཤེགས་པ་དེ་ཁོ་ན་ལ་ལེགས་པར་ཞུས་ཤིག་དང་། དེས་ཁྱོད་ལ་ལུང་སྟོན་པར་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །
24a5 དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་དེས་ལེགས་སོ། །ལེགས་སོ། །ཞེས་གསོལ་ནས་དེ་བཞིན་གཤེགས་པ་དེ་ལ་བསྐོར་བ་བྱས་ནས་ཞབས་ལ་མགོ་བོས
24a6 ཕྱག་བཙལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་པོ་གྲངས་མེད་པས་བསྐོར་ཅིང་མདུན་དུ་བདར་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོངས་སོ། །དེ་ནས་དེའི
24a7 ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས། རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། འཁྲུགས། རབ་ཏུ་འཁྲུགས། འཁོར། རབ་ཏུ་འཁོར། འུར་འུར། རབ་ཏུ་འུར་འུར།




iiif viewer powered by OpenSeadragon

23b - 24b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo