| | e-texts navigator
|
23a1 སྔགས་ཀྱི་དོན་དུ་བརྗོད་པ་གང་ལགས་པ་དེ་དག་ནི། བརྗོད་པ་ཙམ་གྱིས་ཇི་ལྟར་རུས་སྦལ་རང་གི་ལུས་སྲུང་བ་དེ་བཞིན་དུ་བདག་གིས་གཡོ་དང་། སྒྱུ་མ་མཆིས་པར་དེ
23a2 དག་འཇིགས་པ་ཐམས་ཅད་ལས་བསྲུང་བར་བགྱི། སྟོབས་དང་ལྡན་པར་ཡང་བགྱིད་ལགས་ན། བཅོམ་ལྡན་འདས་ཀྱིས་ད་ཞལ་ཟས་འདི་བཞེས་པར་གསོལ་ཞེས་བསྐུལ་ཏོ། །དེ་ནས
23a3 བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན། ཁྱོད་ཁ་ཟས་ཀྱི་ཕྱིར་གསོལ་བ་མ་འདེབས་ཤིག་།གསང་སྔགས་ཀྱི་ཚིག་འདིས་སེམས་ཅན
23a4 ཐམས་ཅད་ལ་ཕན་པའི་ཕྱིར་ཆོས་ཀྱི་སྦྱིན་པར་འགྱུར་བས་ན། བཞེས་པར་བྱའི། ཟང་ཟིང་གི་སྦྱིན་པ་ནི། དེ་ལྟ་མ་ཡིན་གྱི། སྡིག་ཅན། ཁྱོད་གསོལ་བ་མ་འདེབས་ཤིག་།ཅེས་བཀའ
23a5 སྩལ་ནས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏོ། །ལན་གཉིས་ལན་གསུམ་གྱི་བར་དུའང་བདུད་དང་བདུད་ཀྱི་བུ་མོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་ལས་མ་བཞེས་ཏེ་རེ
23a6 ཐག་ཆད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དེའི་ཚེ་ལྷའི་བུ་དབང་ཕྱུག་ཆེན་པོ་ལྷའི་བུ་དཔག་ཏུ་མེད་པ་མཐུ་དཔག་ཏུ་མེད་པ་དག་གིས་མདུན་དུ་བདར་ཏེ་རང་གི་འོད་ཀྱིས་ཚངས་པ་དང་། ལྷའི
23a7 དབང་པོ་དང་། ལྷ་མ་ཡིན་དང་། བདུད་ཀྱི་འོད་རྣམས་སྣག་ཚའི་གོང་བུ་བཞིན་དུ་འོད་མི་གསལ་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་མཆོད་པ་རྒྱ་ཆེན་པོ་ཉིས་འགྱུར་གཉིས་འགྱུར་བས་ལྷག་པ
iiif viewer powered by OpenSeadragon
22b - 23b