e-texts navigator
Collection
Volume
Page
Wylie

21a1 བ་ཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར
21a2 བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ནི། ཐེག་པ་ཆེན་པོའི་མདོའི་སྡེ་ཚན་སྲུང་པ་ལགས་ན། བདག་ཅག་ལ་ཐུགས་བརྩེ་བའི་སླད
21a3 དུ་བདག་ཅག་གིས་ཕུལ་བའི་ཞལ་ཟས་བཞེས་སུ་གསོལ། དེ་སྐད་ཅེས་གསོལ་ཀྱང་ཞལ་ཟས་མ་བཞེས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས
21a4 པ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དེའི་རྗེས་ལ་མཐར་གྱིས་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་རྣམས་ཀྱིས་སྟེང་གི་བར་སྣང་ལ་མཆོད་པ་དང་། འོད་སྔ་མ་ལས་ཁྱད་པར་དུ
21a5 སྤགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། དེ་དག་གི་མཆོད་པའི་ནང་ན་གདུགས་ཕལ་པ་གང་ཡིན་པའང་ཁོ་ར་ཁོར་ཡུག་ཏུ་གླིང་བཞི་པའི་ཁྱོན་ཙམ་མོ། །བ་དན་ཕལ་པ་གང་ཡིན་པ
21a6 དེའང་རྒྱ་མཚོ་ཆེན་པོ་བཞིའི་མཐར་ཐུག་སྟེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ནས་ནུབ་ཕྱོགས་ཀྱི་རྒྱ་མཚོར་ཐུག་སྟེ། རླུང་གིས་བསྐྱོད་དམ། རླུང་གིས་ཕྱར་ན། བ་དན་དེ་དག་ལས་པི་ཝང་གི་སྒྲ་སྙན་པ་ཁོང
21a7 ནས་འཁྱིལ་བ་ལྟ་བུར་སྙན་པ་དག་འབྱུང་སྟེ། དེ་དག་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་བཅོམ་ལྡན་འདས་ཅང་མི་གསུང་ནས་རེ་ཐག་ཆད་དེ་ཕྱོགས




iiif viewer powered by OpenSeadragon

20b - 21b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo