| | e-texts navigator
|
218b1 བཅོམ་ལྡན་འདས་ཀྱིས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞན་གྱི་དབང་གྱུར་ཐམས་ཅད་སྡུག། རང་དབང་ཅན་ནི་ཐམས
218b2 ཅད་བདེ། །ང་རྒྱལ་དབང་གྱུར་ཀུན་མི་ཟད། །དགའ་བ་ཐམས་ཅད་བཟང་བ་ཡིན། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན
218b3 འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་བ་ནི། ལེགས་པར་བཀའ་སྩལ་བ་མ་ལགས་ཏེ། འདི་ན་ཁྱིམ་བདག་ལ་ལ་ཞིག་གིས་བདག་གི་བུ་བྱིས་པའི་སློབ་དཔོན་ལ་གཏད་ན། ཅི་ལགས
218b4 ཁྱེའུ་དེ་གཞན་གྱི་དབང་དུ་གྱུར་པ་ཞེས་མི་བགྱི་ལགས་སམ། །དེ་ལ་གཞན་གྱི་དབང་དུ་གྱུར་བ་མ་ལགས་སོ། །ཞེས་བགྱིས་ནའང་དོན་དང་འགལ་བར་འགྱུར་ལ། དེ་ལ་རང་དབང་ཅན་ལགས་སོ། །
218b5 ཞེས་བགྱིས་ནའང་དོན་དང་འགལ་བར་འགྱུར་ཏེ། ཆོས་འདི་ནི། ཤིན་ཏུ་བརྟག་དཀའ་བ་ལགས་སོ། །འདི་ན་རྒྱལ་པོའི་བུ་ལ་ལ་བཅོས་སུ་མི་རུང་བར་གྱུར་ཏེ། དེ་ཅིའང་སློབ་མི་འཚལ་ནས་རང
218b6 དགའ་དང་རང་ཉམ་དུ་འཁྱམས་པ་དེ་ལ་རང་དབང་ཅན་ཞེས་བགྱིས་ན་ནི། དོན་དང་ཚབས་ཚེར་འགལ་བར་འགྱུར་ལ། གཞན་གྱི་དབང་དུ་གྱུར་ཏོ། །ཞེས་བགྱིས་ན་ནི། དོན་དང་འགལ་བར
218b7 མི་འགྱུར་ཏེ། ཆོས་འདི་ནི། ཤིན་ཏུ་བརྟག་དཀའ་བ་ལགས་སོ། །གཞན་གྱི་དབང་དུ་གྱུར་ཅེས་བགྱི་བའི་ཚིག་བླ་དྭགས་ནི། དེ་རང་དབང་དུ་གྱུར་ན། སྡིག་པ་བགྱིད་པ་དང་འགུམ་པར
iiif viewer powered by OpenSeadragon
218a - 219a