| | e-texts navigator
|
207b1 སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུནྡ། གལ་ཏེ་ང་ཡུན་རིང་དུ་འདུག་པར་འདོད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐ་མའི་དུས་ལ་བབ་ཀྱི། མྱུར་དུ་ཕུལ་ཅིག།
207b2 དེ་ནས་ལྷ་དང་། མི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཙུནྡ་སྐྱིད་དེ་བ་འདིས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པས
207b3 གསོལ་བར་ཆད་པ་ལྟ། བདག་ཅག་ནི། དཔལ་ཡོན་མེད་དེ། བདག་ཅག་གིས་ཞལ་ཟས་སྟ་གོན་བྱས་པ་ནི། དོན་མེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྤུའི
207b4 ཀ་ཧུང་བུ་ཐམས་ཅད་ནས་བ་སྤུ་རེ་རེའི་ཁུང་བུ་ནས་ཀྱང་སངས་རྒྱས་རེ་རེ་མངོན་དུ་སྤྲུལ་ནས་དེར་འཁོར་རེ་རེའི་ནང་དུའང་དེ་བཞིན་གཤེགས་པ་རེ་རེའི་དགེ་སློང་གི་དགེ་འདུན་དང
207b5 བཅས་པ་ཐམས་ཅད་བཤོས་གསོལ་བ་ལྟ་བུར་བསྟན་ཏོ། །དེ་བཞིན་གཤེགས་པ་ཉིད་ནི། ཙུནྡས་ཕུལ་བའི་ཞལ་ཟས་གསོལ་ལོ། །ཙུནྡས་འབྲས་སཱ་ལུ་ཡུལ་མ་ག་དྷའི་ན་ལི་ཏ
207b6 བརྒྱད་ལས་ཞལ་ཟས་སྦྱར་བའང་དེ་བཞིན་གཤེགས་པའི་མཐུས་དགེ་སློང་གི་དགེ་འདུན་ཐམས་ཅད་ཞལ་ཟས་ཀྱིས་ཁྱེད་པར་མཛད་དོ། །དེ་ནས་ཙུནྡའང་དགའ་བར་གྱུར་ཏེ། བདག
207b7 གི་སྦྱིན་པ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་གསོལ་ནས་ཡོངས་སུ་མྱ་ངན་ལས་འདས་པར་མཛད་དོ་སྙམ་མོ། །འཁོར་དེ་དག་ཐམས་ཅད་འདི་སྙམ་དུ
iiif viewer powered by OpenSeadragon
207a - 208a