e-texts navigator
Collection
Volume
Page
Wylie

194b1 པོ་ལ་གསོལ་པ། གལ་ཏེ་ཐུགས་མི་ཆེས་ན། སྨན་གསོལ་ཅིག་དང་མངོན་ནོ། །ཞེས་བྱས་ན། འོན་ཀྱང་རྒྱལ་པོ་དེ་སྨན་འཐུང་ངུའང་མ་བཏུབ་བོ། །དེ་ནས་སྨན་པ་ཆེན་པོ་དེས་རིག་པའི
194b2 སྟོབས་ཀྱིས་གཞང་ཀར་གཞང་འབྲུམ་ཐོན་པར་བྱས་སོ། །དེ་ནས་རྒྱལ་པོ་དེས་གཞང་འབྲུམ་དེ་དག་མཐོང་ནས་སྐྲག་ཅིང་མི་དགའ་སྟེ་ཀྱི་བུང་ཞེས་བྱས་ནས་སྨན་པའི་ཚིག་བདེན་ནོ་སྙམ
194b3 དུ་སེམས་ཏེ། གཞང་འབྲུམ་ཐོན་པར་ཤེས་ནས་ཀྱེ་མ་སྨན་པ་རིག་པའི་སྟོབས་ངོ་མཚར་ཏོ་སྙམ་སྟེ། སྨན་པ་དེ་ལ་ཕ་མ་ལ་གུས་པར་བྱ་བ་བཞིན་དུ་བཀུར་སྟི་བྱེད་པ་དེ་བཞིན་དུ་ཡོངས
194b4 སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་ནི། སེམས་བསྐྱེད་མི་དགོས་པར་འཛིན་པའི་སེམས་ཅན་ཐམས་ཅད་ལའང་སྨན་པ་ཆེན་པོས་རྒྱལ་པོ་ལ་བྱ་བ་བཞིན་དུ་བདེ་བླག་ཏུ
194b5 བྱང་ཆུབ་ཀྱི་རྒྱུ་ལ་འཇོག་པར་བྱེད་དེ། དེ་དག་ལ་རྨི་ལམ་དུའམ། འཆི་བའི་ཚེའང་རུང་སྟེ། སེམས་ཅན་དེ་དག་གིས་མི་ཤེས་བཞིན་དུ་བྱང་ཆུབ་ཀྱི་རྒྱུ་འཇུག་པར་འགྱུར་རོ། །འདོད་ཆེན
194b6 པ་ནི། །མ་གཏོགས་ཏེ། སྨན་པ་ཆེན་པོས་ཀྱང་འདི་ནི། གསོར་མི་རུང་ངོ་སྙམ་ནས་ལས་མི་བཟད་པ་དང་ལྡན་པའི་འཆི་བར་འགྱུར་བའི་ནད་གསོ་བར་མི་བྱེད་དོ། །འཆི་བར་འགྱུར་བ
194b7 དང་འདྲ་བ་ནི། འདོད་ཆེན་པ་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། སྨན་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིག་གིས་རང་གི་བུ་ཐོག་མར་རྒྱུད་ཀྱི་ཡན་ལག་ཐང་དང་། ཆུ




iiif viewer powered by OpenSeadragon

194a - 195a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo