| | e-texts navigator
|
193a1 རྔུ་རྣམས་འབྱུང་བར་འགྱུར་རོ་སྙམ་པའི་སེམས་མེད་དེ། དེ་དག་གི་སེམས་ནི། འདོད་པ་རྣམས་ལ་གནས་སོ། །དེ་བཞིན་དུ་ཕམ་པ་བྱེད་པ་རྣམས་དང་། མཚམས
193a2 མེད་པའི་ལས་བྱེད་པ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་ཀྱིའང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དེ། འདོད་ཆེན་པ་འཆི་བའི་དུས་ལ་བབ་པ་དང་འདྲ་བ་ནི། མ་གཏོགས་སོ། །
193a3 རིགས་ཀྱི་བུ། དཔེར་ན། མཚན་མོ་མུན་པའི་ནང་ན་ཛམྦུའི་གླིང་པའི་སེམས་ཅན་རྣམས་ཞིང་བླས་ལ་སོགས་པའི་ལས་བྱ་བ་ལ་འཇུག་པ་མེད་དེ། ཉི་མ་འཆར་བ་ལ་སྡོད་ཅིང་འཁོད
193a4 དོ|་|དེ་ནས་ཉི་མ་ཤར་བ་དང་ཞིང་བླས་ལ་སོགས་པ་བྱེད་པ་ལ་འཇུག་གོ། །དེ་བཞིན་དུ་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཀྱང་མདོ་སྡེ་དང་། ཏིང་ངེ་འཛིན་ཐམས་ཅད་ཐོས་ཤིང་བསྒོམས་ནས
193a5 ཞིང་བླས་བྱེད་འདོད་པའི་སེམས་ཅན་མཚན་མོ་སྡོད་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་ཉི་མ་འཆར་བ་ལ་སྡོད་དོ། །དེ་ནས་མདོ་ཆེན་པོ་འདི་ལས
193a6 དགོངས་པའི་ཚིག་ཐོས་ནས་དམ་པའི་ཆོས་ཀྱི་གནས་སུ་ལས་རྩོམ་པར་བྱེད་དོ། །དེ་ནས་ཞིང་བླས་ཇི་ལྟར་བྱས་པ་ལ་ཆར་ཆེན་པོ་བབ་པས་ལོ་ཐོག་སྐྱེ་བར་འགྱུར་ལ་ལོའང་ལེགས
193a7 བར་འགྱུར་རོ། །དེ་བཞིན་དུ་དམ་པའི་ཆོས་ཀྱི་ཞིང་བླས་བྱས་པ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཆེན་པོའི་སྤྲིན་ཆེན་པོ་ལས་ཐོས་པའི་ཆོས་ཀྱི་ཆར་བབ་ན། རིམས་ནད་རྣམ
iiif viewer powered by OpenSeadragon
192b - 193b