| | e-texts navigator
|
18b1 སྦྲང་རྩི་མདོག་སེལ་དང་། འདོད་རྒུའི་སྤོས་ལྡན་ལ་སོགས་པ་སྤོས་ཀྱི་གླང་པོ་གངྒཱའི་ཀླུང་ཉི་ཤུའི་བྱེ་མ་སྙེད་ཐེག་པ་ཆེན་པོ་འདོད་པ་ཤ་སྟག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་གངས
18b2 ཀྱི་སྨན་དང་། པདྨའི་རྩ་བ་དང་། སྡོང་བུ་ཤིང་རྟ་ཆེན་པོའི་འཕང་ལོ་ཙམ་ཤ་སྟག་དང་། དགོན་པ་ཆེན་པོ་དག་ནས་པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། རྩ་བ་དང་། འབྲས་བུ
18b3 དང་། རྡོ་གུ་སྣ་ཐ་དད་པ་དུ་མ་དག་སྣའི་ཐོར་ཏོས་བྱུང་ཞིང་ཕུང་ཞིང་ཁྱེར་ཏེ་རླུང་གི་ཤུགས་པས་ཀྱང་ཆེས་མགྱོགས་པ་དང་། ཤིན་ཏུ་རིངས་པར་དབྱར་གྱི་འབྲུག་སྒྲ་བཞིན་དུ་སྒྲོག་ཅིང་ལྷགས་ནས་པདྨའི
18b4 འདབ་མ་བཅེར་བའི་སེངྒེའི་ཁྲི་ལྡ་ལྡི་དག་བཤམས་ཏེ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཞལ་ཟས་མ་བཞེས་ནས་རེ་ཐག་ཆད་དེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་སེངྒེ་སེངྒེའི
18b5 ས་གྲ་སྒྲོག་པ་ཞེས་བྱ་བ་ལ་སོགས་པ་སེངྒེ་གངྒའི་ཀླུང་སུམ་ཅུའི་བྱེ་མ་སྙེད་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཤ་སྟག་གིས་སེངྒེའི་རྩལ་ཆེན་པོས་སྤོས་ཀྱི་གླང་པོ་ཆེ་རྣམས་དང་འདྲ་བར་མེ
18b6 ཏོག་དང་འབྲས་བུ་རྣམས་ཁྱེར་ཏེ་རིངས་པར་ལྷགས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་དེའི་ཆེ་བྱ་ངང་པ་དང་། ཁྲུང་ཁྲུང་དང་། ངུར་པ་དང་། ཀ་དམ་པ་དང་། ཟལ་མོ་དང་། བཞད་དང་། ཁུ་བྱུག
18b7 དང་། བ་ལི་ཀ་དང་། ཀ་ལ་པིངྐ་དང་། ཤང་ཤང་ཏེའུ་ལ་སོགས་པས་ཀྱང་སྤོས་ཀྱི་གླང་པོ་ཆེ་རྣམས་དང་འདྲ་བར་མེ་ཏོག་དང་འབྲས་བུ་ཁྱེར་ཏེ་རང་རང་གི་སྐད་ཕུང་ནས་ཕྱོགས་གཅིག་ཏུ་འཁོད་དོ། །
iiif viewer powered by OpenSeadragon
18a - 19a