e-texts navigator
Collection
Volume
Page
Wylie

164a1 དུ་རྟག་སྟེ། ཅི་བ་ལང་ངམ། མ་ཧེའམ། འོན་ཏེ་བྱ་རྒོད་དམ་སྙམ་པ་ལས། དེའི་འོག་ཏུ་བྱིས་པ་ཡིན་པར་འོལ་སྤྱིར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི
164a2 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་སྤྱིར་མཐོང་བར་ཟད་དོ། །དཔེར་ན། བྱང་ཆུབ
164a3 སེམས་དཔའི་གཟུགས་རས་ཆེན་པོ་ལ་བྲིས་པ་མཚན་མོ་མུན་པའི་ནང་དུ་བཀྲམ་པ་ལ་མི་མིག་ཡོད་པ་དག་གིས་བརྟགས་ན། ཅི་སངས་རྒྱས་ཀྱི་སྐུ་གཟུགས་ཤིག་ཡིན་ནམ།
164a4 འོན་ཏེ་རས་དམར་པོ་ཞིག་གམ། འོན་ཏེ་དབང་ཕྱུག་ཆེན་པོ་དང་། ཚངས་པའི་གཟུགས་ཤིག་གམ་སྙམ་པ་ལས། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་གཟུགས་ཡིན་པར་འོལ
164a5 སྤྱིར་མཐོང་བ་དེ་བཞིན་དུ་རིགས་ཀྱི་བུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད
164a6 བཞིན་དུ་ཡོད་པར་འོལ་མཐོང་བར་ཟད་དོ། །རིགས་ཀྱི་བུ། དེ་ལྟར་ན། དེ་བཞིན་གཤེགས་པའི་སྙིང་པོ་ནི། མཐོང་བར་ཤིན་ཏུ་དཀའ་སྟེ། དེ་བཞིན་གཤེགས་པའི
164a7 ཡུལ་ཡིན་ཀྱི། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ། །རིགས་ཀྱི་བུ། དེ་ལྟར་ན། ངའི་བསྟན་པ་ནི། མཁས་པས་རིག་པར་བྱ་བ་ཡིན་ཏེ། འཇིག་རྟེན་ཐམས




iiif viewer powered by OpenSeadragon

163b - 164b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo