e-texts navigator
Collection
Volume
Page
Wylie

160b1 དང་རྟགས་གཉིས་ཀྱང་སྣང་ངོ་། །དེ་བས་ན། གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱུང་བའང་ཡིན་ལ། དངོས་པོ་དེ་དག་དང་མགོ་མཉམ་དུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱུང་ཞེས་ཀྱང་མི་བྱའོ། །
160b2 གལ་ཏེ་དངོས་པོ་དེ་དག་དང་མགོ་མཉམ་དུ་མ་བྱུང་ནའང་དེ་ལྟ་ན་ཡེ་མེད་དམ། བ་ལས་བྱུང་བའི་ཞུན་མར་ཡང་གཞན་ལས་བྱུང་བ་མ་ཡིན་ལ། རང་བཞིན་ཅན་དེའང་ཐམས་ཅད་ལ
160b3 ཡོད་མོད་ཀྱི། འོན་ཀྱང་ཉེས་པས་བསྒྲིབས་པ་དང་། ཕན་ཚུན་དུ་འདྲེས་པའི་ཚུལ་དུ་འདུག་པའི་ཕྱིར་མི་མངོན་ཏེ། ངའི་ཟས་ཀྱི་ཉེས་པས་འོ་མ་ཁྲག་གི་དྲི་ང་བ་བྲོ་ལ། བས་རྩཝ་མངར་ཟོས
160b4 ན་ནི། འོ་མའང་མངར་བ་འབྱུང་ངོ་། །རྩཝ་རོ་ཚ་བ་ཟོས་ན་ནི། འོ་མ་རོ་ཚ་བ་འབྱུང་ངོ་། །གངས་ཀྱི་རི་ལ་རྩཝའི་རིགས་སྣུམ་ཅན་ཞེས་བྱ་བ་ཞིག་ཡོད་དེ། བས་དེ་ཟོས་ན་ནི། འོ་མ་མར་གྱི་ཉིད
160b5 ཁུའི་རང་བཞིན་ཁོ་ནར་འབྱུང་སྟེ། དཀར་བའང་མ་ཡིན། སྔོ་བའང་མ་ཡིན། །དམར་བ་འང་མ་ཡིན། །སྔོ་སྐྱའང་མ་ཡིན་པ་མར་གྱི་ཉིང་ཁུའི་རང་བཞིན་ཁོ་ནར་འབྱུང་སྟེ། དེ་ལྟར་རྩཝའི
160b6 བྱེ་བྲག་གི་འོ་མ་མདོག་ངན་པ་དང་། མདོག་བཟང་པོར་འགྱུར་བ་དེ་བཞིན་དུ་མ་རིག་པ་དང་། རིག་པ་གཉིས་སུ་མེད་མོད་ཀྱི། སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས་རིག་པ་གང
160b7 ཡིན་པ་དེ་ཉིད་མ་རིག་པ་ལྟ་བུར་གྱུར་ཏེ། དགེ་བ་དང་། མི་དགེ་བའི་ཆོས་ཐམས་ཅད་ཀྱང་གཉིས་སུ་མེད་པ་ཁོ་ནའོ། །དེ་བས་ན། སྔར་བསྟན་པ་ཁོ་ན་བཞིན་དུ་དེ་བཞིན་གཤེགས




iiif viewer powered by OpenSeadragon

160a - 161a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo