e-texts navigator
Collection
Volume
Page
Wylie

154a1 དུག་ཏུ་འགྱུར། །རང་རྒྱལ་ཉན་ཐོས་རྣམས་ཀྱང་ནི། །རྟག་ཏུ་དེ་དང་འདྲ་བ་ཡིན། །ཐེག་ཆེན་སྨན་མཆོག་དེ་དག་ལ། །བ་ཡི་འོ་མ་འཐུང་བ་བཞིན། །བྱང་ཆུབ་སེམས
154a2 དཔའ་འཇིགས་མེད་པ། །མི་མཆོག་བརྟན་པོ་དེ་དག་ནི། །ཐེག་པ་ཆེན་པོས་ངེས་པར་འབྱུང་། །འོད་སྲུང་དེ་ལྟར་ཤེས་ནས་ནི། །བདུད་རྩི་རྟག་པ་ཁམས་ཀྱི་དབྱིངས། །དེ་ལ་དང་འདིར
154a3 སྐྱབས་མཆོག་སོང་། །བདུད་རྩི་མཆོག་གི་ཁམས་ད་ནི། །ང་ཡི་ཁམས་ཡིན་སེམས་ཅན་ཁམས། །རྟག་ཏུ་ང་ལ་སྐྱབས་སོང་ན། །སྐྱབས་གསུམ་བདག་ཉིད་ཁམས་སུ་འགྱུར། །ང
154a4 ཡི་སྐུ་ལ་ཁམས་ཡོད་ཀྱི། །བདག་ཉིད་འདི་ལ་ཁྱོད་ཞུགས་ཤིག་།སངས་རྒྱས་ཆོས་དང་དགེ་འདུན་རྣམས། །ང་ཡི་ཁམས་ཀྱི་རང་བཞིན་ཏེ། །གསུམ་པོ་རིན་ཆེན་མཆོག་ཡིན་ཞེས།།
154a5 བཅོམ་ལྡན་འདས་ཀྱིས་ཚིགས་བཅད་གསུངས། །གསོལ་པ། འཇིགས་མེད་ཇི་ལྟར་སྐྱབས་མཆི་བ། །བདག་གི་གློ་བར་མ་ཆུད་ལགས། །དཀོན་མཆོག་གསུམ་ཡང་མ་འཚལ་ཏེ། །
154a6 བདག་མེད་ལ་ནི་ཇི་ལྟར་མཆི། །སངས་རྒྱས་སྐྱབས་སུ་མཆིས་ན་ཡང་། །ཇི་ལྟར་དབུགས་ནི་ཕྱིན་པར་འགྱུར། །ཅི་ཡི་སླད་དུ་མི་རྣམས་ནི། །ཆོས་ལ་སྐྱབས་སུ་མཆི་བར་བགྱིད། །ཅི
154a7 ཞིག་གིས་ནི་རང་དགར་འགྱུར། །ཅི་ཞིག་གིས་ནི་མི་འགྱུར་ལགས། །དགེ་འདུན་ལ་ནི་སྐྱབས་མཆིས་ན། །སྐྱབས་གསུམ་མཆོག་ཏུ་ཇི་ལྟར་འགྱུར། །མ་འོངས་པ་ན་སངས་རྒྱས




iiif viewer powered by OpenSeadragon

153b - 154b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo