e-texts navigator
Collection
Volume
Page
Wylie

150b1 གལ་ཏེ་དེ་ལྟ་ན་ནི། མི་གཡུལ་དུ་མཆིས་པའི་རྣ་བ་དང་། སྣ་ཆད་ན། བདག་དེའི་ཡང་ཉིད་ལག་ཉམས་པར་འགྱུར་བའམ། ལག་རྡུམ་དུ་འགྱུར་བའི་རིགས་ལགས་སོ། །བཀའ་སྩལ་པ།
150b2 རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ལ་ལ་ཞིག་གི་གྱད་ཀྱི་དཔྲལ་བའི་སྨིན་མཚམས་སུ་རིན་པོ་ཆེ་རྡོ་རྗེ་བཏགས་པ་ལས་གྱད་དེ་གྱད་གཞན་ཞིག་དང་སྟོབས་འགྱེད་དེ། དེ་གཉིས་ལུག
150b3 བཞིན་དུ་འགྱེད་པ་ལས་གྱད་གཅིག་ཤོས་ཀྱི་མགོ་བོས་བརྡུངས་ཏེ་གྱད་དེའི་དཔྲལ་བ་སྣད་པར་བྱས་ནས་སྨིན་མཚམས་གྱི་རྒྱན་རིལ་གྱིས་ནང་དུ་ནུབ་པར་བྱས་ན། གྱད་དེས་མ་ཚོར་ཏེ
150b4 བདག་གིས་རྡོ་རྗེ་གར་གཞིག་ཅིག་གུ་སྙམ་སྟེ། དེས་སྨན་པ་བཀུག་ནས་རྨ་ཁ་འཆོས་སུ་བཅུག་གོ་།སྨན་པ་དེའང་ཐབས་མཁས་ཤིང་ཡིད་རྣོ་བ་ཞིག་སྟེ། རྨ་འདི་ནི། ནོར་བུ་དེ་ལས་གྱུར་ཏོ། །
150b5 སྙམ་དུ་ཤེས་ནས་རྡོ་རྗེ་དེ་དཔྲལ་བའི་ནང་དུ་ནུབ་ཅིང་འདུག་གོ་།སྙམ་སྟེ། དེས་གྱད་དེ་ལ་ཀྱི་མི། ཁྱོད་ཀྱི་ནོར་བུ་དེ་གར་སོང་ཞེས་དྲིས་པ་དང་། དེས་སྨན་པ་དེ་ལ་སྨྲས་པ། ཀྱེ་མ་སྨན་པ། ངའི
150b6 སྨིན་མཚམས་གྱི་རྒྱན་རྡོ་རྗེ་དེ་སྟོར་གོར་མ་ཆག་གོ་། ཀྱེ་ཧུད་བདག་གིས་གང་ཙེའི་ནང་དུ་བཅུག་གམ་གར་བཅུག་པ་མ་ཤེས་ཏེ། སྒྲོམ་བུའི་ནང་དུ་བཙལ་ནའང་མ་རྙེད་དོ། །ཀྱེ་ཧུད་ཕུང་གི་མེད
150b7 དོ|་|ཆུའི་ཆུ་བུར་བཞིན་དུ་མེད་པར་གྱུར་ན། ཅི་སྒྱུ་མ་ལྟ་བུར་གྱུར་ཏམ་ཞེས་ཟེར་རོ། །དེ་ནས་དེ་ལ་སྨན་པས་སྨྲས་པ། ཀྱེ་མི། ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག་།ཁྱོད་ཀྱི་རྡོ་རྗེ་དེ་ནི། རྨའི་ནང་དུ




iiif viewer powered by OpenSeadragon

150a - 151a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo