e-texts navigator
Collection
Volume
Page
Wylie

14a1 གཅིག་པ་ལ་བྱ་བ་བཞིན་དུ་སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ། གཅིག་ལ་གཅིག་འཇུས་ནས་དེ་བཞིན་གཤེགས་པའི་གདུང་ཞུགས་ལ་བཞེན་པའི་ཕྱིར་ཡམ་བསྲེག་ཤིང
14a2 རྣམས་ཁྱེར་ཏེ་མཆོད་པ་སྔ་མ་ཐམས་ཅད་རང་རང་གི་མཆོད་པ་རྣམས་ཀྱིས་ཟིལ་གྱིས་མནན་ནས་བཅོམ་ལྡན་འདས་ལ་ཉིས་འགྱུར་དུ་མཆོད་པ་བྱས་ཏེ། དེ་དག་གི་མཆོད་པའི་ཡོ་བྱད
14a3 རྣམས་ཀྱི་རྒྱལ་མཚན་དང་། བ་དན་དང་། གདུགས་རྣམས་ཀྱི་འཕང་དང་ཆུ་ཞེང་གི་ཚད་ཀྱང་སྔ་མའི་ཉིས་འགྱུར་བས་ལྷག་གོ་།ཁ་ཟས་རྣམས་ཀྱི་དྲི་བསུང་ནི། དཔག་ཚད་བརྒྱད་དུ་ཁྱབ
14a4 པར་གྱུར་ཏེ། བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་ཞལ་ཟས་མ་བཞེས་ནས་བཅོམ་ལྡན་འདས་ལ་བསྐོར་བ་བྱེད་ཅིང་སྐྲ་འབལ་ལ་རང་རང
14a5 གི་རྒྱན་རྣམས་འཐོར་ཞིང་། སྐད་མི་སྙན་པས་དུ་སྟེ་བུ་གཅིག་པ་ཤི་བ་བཞིན་དུ་མཆོག་ཏུ་སྡུག་བསྔལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་མཐུས་སཱ་ལ་ཟུང་གི་དྲུང་ཉིད་དུ་ཕྱོགས་གཅིག
14a6 ཏུ་འཁོད་དོ། །གཞན་ཡང་དེའི་ཚེ་ལྷ་མིག་ཡངས་ཞེས་བྱ་བ་ལ་སོགས་པ་ལྷའི་ཚོགས་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་དང་ལྷན་ཅིག་ཏུ་ལྷགས་ནས་ལྷ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།།
14a7 གྲོགས་པོ་དག་།ལྟོས། གྲོགས་པོ་དག་།ལྟོས། མི་རྣམས་ཀྱི་མཆོད་པའི་ཡོ་བྱད་མཆོག་ཏུ་ཁྱད་པར་དུ་འཕགས་ལ། དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི




iiif viewer powered by OpenSeadragon

13b - 14b

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo