| | e-texts navigator
|
133b1 ཀྱི་ཚལ་ན་འདམ་བུ་དང་། ཨེ་རཎྜའི་ཚལ་དང་། ཤིང་པི་ཙུ་མརདའི་དྲུང་ན་བཞུགས་པའི་ཚེ་བྲམ་ཟེ་ལུག་དཔལ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་བརྩམས་ཏེ་བཀའ་སྩལ་པ།
133b2 དབྱིག་དང་། གསེར་དང་། བྲན་དང་། བྲན་མོ་དང་། བ་ལང་དང་། མ་ཧེ་དང་། ར་དང་། ལུག་དང་། བྱ་གག་དང་། ཕག་དང་། ཁྱི་དང་། བྱི་ལ་དང་། སྦྲུལ་དང་། ནིའུ་ལེ་དང་། ཟངས་དང་། ལྕགས
133b3 ཟངས་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། ནོར་དང་། འཚོག་ཆས་རྣམ་པ་སྣ་ཚོགས་འཆང་བ་དང་། ཞིང་ས་དང་། ཚོང
133b4 འདུས་དང་། སྲང་དང་། ཉོ་ཚོང་བྱེད་པ་དང་། ཁྱེའུ་དང་། བུ་མོ་དང་། མཛོད་དང་། བང་པ་འཆང་བ་དང་། རང་ལག་དར་ཏེ་གཡོས་བྱེད་པ་དང་། འཚོད་པ་དང་། འཚོད་དུ་འཇུག་པ་དང་། ལྟས
133b5 དང་། ཡན་ལག་གི་རིག་པ་དང་། མོ་ཡིག་དང་། ཁ་དོག་འདོད་པ་དང་། བྱ་ལྟས་ཤེས་པ་དང་། སྒྲ་གཅན་དང་། ཉི་མ་དང་། ཟླ་བ་དང་། པ་བ་སངས་དང་། གཟའ་ལྷག་རྒྱུ་བ་དང་། མེ་ཏོག་གི
133b6 ཤིང་རྟ་དང་། ལག་སྲུབ་ལྟ་བ་དང་། རྨི་ལྟས་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་གི་མཚན་མ་ལྟ་བ་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། རིག་པའི་གནས་བཅོ་བརྒྱད་དང་། མཁན
133b7 བཟོ་པ་དང་། བཟོའི་ལས་ཐམས་ཅད་སྟོན་པ་དང་། སྒྲུབ་གཏམ་བྱེད་པ་དང་། སྤོས་ཀྱི་ཕྱེ་མས་འདེབས་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ
iiif viewer powered by OpenSeadragon
133a - 134a