| | e-texts navigator
|
12a1 གཅིག་ལ་གཅིག་འཇུས་ཏེ། རེ་རེས་ཀྱང་གདུང་ཞུགས་ལ་བཞེན་པའི་བུད་ཤིང་ཐང་ཤིང་གི་མཆོག་དང་། ཙནྡན་དང་། ཨ་ག་རུ་རྣམས་དང་། ཡམ་བསྲེག་ཤིང་བྱེ
12a2 བ་ཕྲག་བརྒྱད་ཅུ་རྩ་བཞི་དང་། མཆོད་པ་སྔ་མའི་ཉིས་འགྱུར་རྣམས་ཁྱེར་ནས་མཆོད་པ་རྣམས་བསྒྲགས་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ངོ་། །ལི་ཙ་བཱི་གཞོན་ནུ་རེ་རེ་ཞིང་ཡང་གླང་པོ
12a3 ཆེ་བརྒྱད་ཁྲི་བཞི་སྟོང་དང་། རྟ་བརྒྱད་ཁྲི་བཞི་སྟོང་དང་། ཤིང་རྟ་བརྒྱད་ཁྲི་བཞི་སྟོང་དང་ཆས་སོ། །ནོར་བུ་ཆུ་ཤེལ་བརྒྱད་ཁྲི་བཞི་སྟོང་དང་ཆས་སོ། །གླང་པོ་ཆེ་རེ་རེའི་མདུན་དུའང་ཆེ་བ་ལ
12a4 འོས་པའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དར་གྱི་བླ་རེ་ཆེན་པོ་རྣམས་ཐོགས་སོ། །གདུགས་རྣམས་ཀྱི་ནང་ན་ཐུང་དུ་གང་ཡིན་པ་དེ་ལའང་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག
12a5 ཡོད་དོ|་|དར་གྱི་བླ་རེ་ཆེན་པོ་རྣམས་ཀྱི་ནང་ན་ཆུང་དུ་གང་ཡིན་པ་དེ་ལའང་ཆུ་ཞེང་དུ་དཔག་ཚད་སུམ་ཅུ་རྩ་གཉིས་ཡོད་དོ། །རྒྱལ་མཚན་རྣམས་ཀྱི་ནང་ན་ཐུང་དུ་གང་ཡིན་པ་དེ་ལའང
12a6 འཕང་དུ་དཔག་ཚད་བརྒྱ་ཡོད་དོ། །བ་དན་རྣམས་ཀྱི་ནང་ན་ཐུང་དུ་གང་ཡིན་པ་དེས་ཀྱང་དཔག་ཚད་སྟོང་དུ་ཕྱིན་ནོ། །དེ་ལྟར་དེ་དག་མཆོད་པ་རྣམས་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་ཐད
12a7 དུ་དོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཞལ་ཟས་ཕུལ་བ་ལས་བཅོམ་ལྡན་འདས་ཅང་མི་གསུང་སྟེ། མ་བཞེས་ནས་མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ།
iiif viewer powered by OpenSeadragon
11b - 12b