| | e-texts navigator
|
125b1 མདོ་སྡེ་དང་། འདུལ་བ་དེ་ཁོ་ན་ཉིད་ཀྱིས་རྫིང་བཅོས་པ་བཞིན་དུ་འཆོས་བར་བྱེད་དོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ། བམ་པོ་བརྒྱད
125b2 པ། གསོལ་པ། བཅོམ་ལྡན་འདས་ཀྱིས་ཨ་མྲའི་འབྲས་བུ་རྣམ་པ་བཞི་ལྟ་བུའི་མདོ་ལས་གསུངས་པའི་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་དེ་ཇི་ལྟར་རྟོགས་པར
125b3 བགྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ལས་རྟོགས་པར་བྱའོ།།
125b4 གསོལ་པ། ཇི་ལྟར་རྟོགས་པར་བགྱི་ལགས། བཀའ་སྩལ་པ། ཁྱིམ་བདག་།ཞིང་པ་ལ་ཞིག་གིས་འབྲས་སཱ་ལུ་དང་། འབྲུ་དང་། ཁྲེ་རྒོད་ཀྱི་ཞིང་ལ་ཐོག་མ་ཁོ་ནར་ཞིང་གི་རྔོ་དང
125b5 སྙེ་ལོང་རྣམས་བསལ་ཏེ་དག་པར་བྱས་པ་དེ་ལ་དེ་ཕྱིན་ཆད་ནས་ནམ་འབྲས་བུར་མ་བྱུང་གྱི་བར་དུ་ཤའི་མིག་གིས་ཞིང་གི་གྲངས་སུ་རྩི་བར་བྱེད་ལ་འབྲས་བུར་གྱུར་པའི་ཚེ་ནི། ཕུབ
125b6 མ་དང་། ཁོང་སྟོང་དང་། འབྲས་བུ་དང་། སྙིང་པོའི་བྱེ་བྲག་དང་། འདི་ནི། འབྲུ་ཡིན་ནོ། །འདི་ནི། འབྲུ་མ་ཡིན་ནོ། །སྙམ་དུ་ཡང་དག་པར་ཤེས་པ་དེ་བཞིན་དུ་གཞི་ཆེན་པོ་བརྒྱད་ནི།
125b7 དགེ་འདུན་གྱི་སྐྱོན་ཡིན་ཏེ། དེ་རྣམས་ཞིང་གི་རྔོ་དང་སྙ་ལོང་བཞིན་དུ་བསལ་ནས་དེའི་འོག་ཏུ་ཤའི་མིག་གིས་དགེ་འདུན་གྱི་ནང་དུ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་གི་གྲངས་སུ
iiif viewer powered by OpenSeadragon
125a - 126a