e-texts navigator
Collection
Volume
Page
Wylie

114b1 དེའི་ཚེ་སུས་ཀྱང་མི་འཇིགས་པར་གྱིས་ཤིག་། ལྷའང་རུང་། གཏུམ་པོའང་རུང་སྟེ། རྩཝ་ཙམ་དུ་ལྟོས་ཤིག་།སྙིང་སྟོབས་དང་། རྟུལ་ཕོད་པ་ལ་བརྩོན་པར་གྱིས་ཤིག་།རུ་བ་ངན་པ་ཁ་ཅིག་དཔའ་བོའི
114b2 ཆ་ལུགས་སུ་བསྒྱུར་ནས་དཔའ་བོའི་མཚོན་ཆ་ཐོགས་ཏེ་ཨུར་མོའི་རལ་གྲི་ཤུབས་ནས་ཕྱུང་ནས་ཕྱེ་མར་རློག་པ་ལྟར་བྱེད་ཅིང་འོང་ལ། རལ་གྲི་གཅིག་ལ་གཅིག་བརྡབས་པ་ལས་མེ་སྟག
114b3 འཕྲོ་བར་བྱེད། ཁུས་འདེབས་ཤིང་ཁྲོམ་གྱི་ནང་དུ་འོང་བ་དེ་ལྟ་བུ་དག་མཐོང་ན་མ་འབྲོས་ཤིག་དང་། རུ་བ་ངན་པ་གང་ཡིན་པ་དེ་དག་གིས་དེ་དག་མཐོང་ནས་འདི་དག་ནི། དཔའ་བོ་ཡིན་ནོ། །
114b4 སྙམ་དུ་རིག་ནས་ཁྱི་རྐུན་བཞིན་དུ་འབྱེར་བར་འགྱུར་ལ། རུ་བ་བཟང་པོ་གང་ཡིན་པ་དེ་དག་ནི། ཁྲེལ་གྱིས་དོགས་ཏེ་འཐེན་པར་བྱེད་དོ། །རུ་བ་ངན་པ་དེ་དག་ནི། དེ་དག་གིས་སྐྲག་ནས
114b5 འ་བྱེར་བར་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའང་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དཔའ་བོ་སློབ་པར་མཛད་དེ་ཁྱེད་བདུད་སྡིག་ཅན་རུ་བ་སྔར་མ་ལྟ་བུས་མ་འཇིགས་པར་དཔའ
114b6 སློབ་པ་བཞིན་དུ་རྟུལ་ཕོད་པར་གྱིས་ཤིག་དང་། བདུད་ཡིད་མི་བདེ་བར་འགྱུར་རོ། །ཞེས་སྟོན་ཏོ། །རིགས་ཀྱི་བུ། གཞན་ཡང་རིགས་ཆེན་པོ་དཔའ་བོའམ། དཔའ་བོའི་བུ་ལ་ལ་ཞིག
114b7 སུ་ལའང་དཔའ་མ་བསླབ་སྟེ། དེ་སློབ་དཔོན་སུའང་མེད་བཞིན་དུ་དེ་རང་བཞིན་གྱིས་དཔའ་ལ། རིགས་ཀྱི་བུ། ཆོས་ལུགས་སུ་གྱུར་པ་རང་གི་དཔའ་རིགས་ཀྱི་རྐྱེན་དུ་འཚམ་པར་དཔའ




iiif viewer powered by OpenSeadragon

114a - 115a

Texts on this page

H122 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo